Sunday, November 28, 2010

བོད་ཡུལ་དུ་ལོག

གངས་ཅན་བོད་འདི་ང་ཡི་ཕ་ཡུལ་རེད།
གངས་ཅན་བོད་མི་ང་ཡི་མི་རིགས་རེད།
རང་ཡུལ་དྲན་ཞིང་དུངས་ལ་བརྩེ།
ཕ་ཡུལ་ཕྱོགས་སུ་ལོག་ནས་འགྲོ

གནའ་བའི་མཁར་གྲོང་། རྒྱང་རིང་གི་ཕ་ཡུལ།
གངས་རིའི་ཁྲག་རྒྱུན། ཕྲེང་བ་ལྟར་བསྒྲིགས་པ།
འཛམ་གླིང་གི་ཡང་རྩེ་གནས་པའི། སྐལ་བཟང་མེ་ཏོག་འཁྲུངས་ས་འདི།
ངའི་བརྩེ་བའི་རྒྱང་རིང་གི་ཕ་ཡུལ་ཡིན།
གངས་རི་རྨི་ལམ་དུ་འཁོར་མོད། ཁྱེད་ཉིད་ལ་མ་མཇལ་ལོ་མང་དུ་མ་སོང་།
ཡིན་ཡང་ང་ཡི་སེམས་པ་འདི། ནམ་ཡང་ཁྱེད་ཀྱི་སེམས།