Friday, December 31, 2010

How to Download Tibetan Language.

If you have window 7 or Vista

Then please following the steps.

1-Click Start.

2-Click on the all programs

3-Click on the Control Panel

4-Click on the Regional and Language

5-as you can see the Current Format is English-usa, please select that to be Tibetan (prc)

6-after you selected Tibetan, then click ok to apply. Now you already added Tibetan to your computer.

7-please open Microsoft Word for typing Tibetan. We not done yet, please look around your computer for EN sign somewhere, usually it’s be on the right side of your computer. Please click on that sign and change that to BO (Tibetan).

8- You finished whatever you need to do, now time to type or playing our Boyuk….

Please let me know if you have any Q.


གལ་ཏེ་ཁྱེད་རང་ལ་སྒེར་ཁུང་༧་པ་དང་ལྦུ་སུ་ད་ཡོད་ན། གཤམ་གྱི་རིམ་པ་ལྟར་འགྲོ་དགོས།


༡ Start བསྣམ་རོགས་གནང་།


༢ all programs ཐོག་ལ་བསྣམ་རོགས


༣ Control Panel ཐོག་ལ་བསྣམ་རོགས


༤ Regional and Language ཟེར་བ་དེའི་ཐོག་བསྣམ་དགོས།


༥ ད་ལྟའི་ཡི་གེ་ནི་དབྱིན་ཇི་ཡིན་ཟེར་བ་ཞིག་མཐོང་ཡོང་། ཁྱེད་ཀྱི་དེ་ནས་བོད་ཟེར་བའི་བོད་ཡིག་དེ་འདེམས་དགོས།


༦ བོད་ཡིག་འདེམས་ཚར་རྗེས། OK ཐོག་ལ་བསྣམ་ནས་སྙན་གསེང་ཞུ་དགོས་པ་རེད།


༧ སོ་སོའི་ཡིི་གེ་འབྲི་ས་དེའི་ཁ་བྱེད་དགོས། སྐབས་དེར་ཁྱེད་ཀྱིས་EN ཟེར་བ་ཞིག་གློག་ཀླད་ཐོག་ནས་འཚལ་ཏེ་ BO ཟེར་བའི་བོད་ཡིག་ལ་བསྒྱུར་དགོས།


༨ ད་ནི་ཁྱེད་ཀྱི་བོད་ཡིག་གི་རྩོམ་དང་ཡི་གེ་གང་རུང་འབྲི་ཆོག་གི་རེད།


གལ་སྲིད་དཀའ་ངལ་འདྲ་བྱུང་ན་ང་ལ་འབྲེལ་བ་གནང་རོགས་ཞུ།


ང་ནི་བོད་པ་ཞིག་ཡིན་་་

འཆི་མེད་རིག་འཛིན་ཞོལ་བླ་ said...



ང་ནི་བོད་ཀྱི་བུ་ཡིན་


བོད་ལ་དགའ་བའི་བུ་ཡིན་


བོད་ལ་བྱམས་པའི་བུ་ཡིན་


ཁྱོད་ཀྱང་བོད་ཀྱི་རིགས་ཡིན་


ཤ་རུས་གཅིག་པའི་གཉེན་ཡིན་


ཁྲེལ་དང་ངོ་ཚ་ཡོད་ན་


བོད་མིའི་ལ་རྒྱ་མ་བརྗེད་


ང་ནི་བོད་ཀྱི་བུ་ཡིན་


ཕ་སྐད་ཤེས་པའི་བུ་ཡིན་


ལ་རྒྱ་ཅན་གྱི་བུ་ཡིན་


ཁྲེལ་དང་ངོ་ཚ་ཡོད་ན་


བོད་ལ་བརྕེ་སེམས་མ་བརྗེད།

འཆི་མེད་ལགས་ལ་ཐུགས་རྗེ་ཆེ་ཡང་ཡང་ཞུ་བཞིན་ཡོད། སློབ་གྲོགས་གཞན་པ་ཚོས་ཀྱང་འཆི་མེད་ཀྱིས་བྲིས་པ་ཇི་བཞིན་བོད་ཡིག་གི་ཐོག་ནས་ག་རེ་ཡིན་ན་ཅིག་འབྲི་ཐུབ་པའི་རེ་བ་ཡོད།
འདིར་ཀ་ཁའི་ཡི་གེ་འབྲི་ན།

ཀ་ཡེ་གྲོགས་པོ།།
ཁ་ལ་ཉོན་དང་།།
ག་ལེར་ཕེབས་བཞིན།།
ང་དང་འགྲོགས་ཆོག།

ཡང་ན་   གྲོགས་པོ་ལགས། ཁྱེད་རང་གང་ལ་ཕེབས། མི་ཡུལ་ས་མཐའ་ཁྱེད་ཀྱི་ཕ་ཡུལ་མིན། ཟེར་བ་སོགས་ག་རེ་ཡིན་ན་འབྲི་ཆོག་གི་རེད།

Happy New Year

རྒྱལ་སྤྱིའི་གནམ་ལོ་གསར་ཚེས་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་ཆབས་ཅིག་ལོ་འདིའི་ནང་དུ་ཁྱེད་ཅག་གི་བྱ་བ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་དང་།  ཚེ་རིང་ནད་མེད་ཀྱི་རྟེན་འབྲེལ་ཞུ་བཞིན་ཡོད།
རྒྱལ་གྱུར་ཅིག

Saturday, December 25, 2010

འཆི་མེད་ཀྱིས

འཆི་མེད་རིག་འཛིན་ཞོལ་བླ་ said...



འཆི་མེད་རིག་འཛིན་ཞོལ་བླ་


ཁྱོད་ཚོས་བོད་སྐད་བཤད་པར་ངོ་ཚ་ན། མ་བཤད་ན་ཆོག་ལ།


བོད་ལྭ་གྱོན་པར་ངོ་ཚ་ན་དེ་ཡང་མ་གོན་ན་ཆོག་མོད།


འོན་ཀྱང་ཁྱོད་ཚོས་ཤ་དང་རུས་པ་ཇི་ལྟར་བྱེད་རྒྱུ་ཡིན།




(པན་ཆེན་རིན་པོ་ཆེ་ནས་གསུངས་)





Monday, December 20, 2010

Home Work for this week

ཁ་སང་བྱ་བ་ཞིག་གི་ཆེད་དུ་འཛིན་གྲྭར་ཡོང་ཐུབ་མ་སོང་བས་དགོངས་པ་མ་ཚོམ་རོགས།

ད་རེ་འདིར་ནང་ལས་གསར་བ་གྲ་སྒྲིག་ཞུས་ཡོད་པས། ནང་སྦྱོང་བྱ་རོགས་གནང་ཞུ་བ་ཡིན།

ཁ་སང་ང་ཚོས་སྔོན་འཇུག་དང་རྗེས་འཇུག   ཡང་འཇུག་སྦྱངས་ཟིན་པས་དེ་དག་རང་ཅག་དྲན་པ་སོས་པའི་ཆེད་དུ་རེ་རེ་བཞིན་ངོས་འཛིན་བྱ་དགོས།

༡བསྒྲིགས་    ཀྱི་སྔོན་འཇུག་ག་རེ་རེད་་           རྗེས་འཇུག་་          ཡང་འཇུག་  

༢ གྲོགས་   ཀྱི་སྔོན་འཇུག་             རྗེས་འཇུག་་               ཡང་འཇུག་་

༣ མཐོང་  གི་སྔོན་འཇུག་་            རྗེས་འཇུག་་                ཡང་འཇུག་་

༤ བསྐྲུན་  གྱི་སྔོན་འཇུག་་            རྗེས་འཇུག་་               ཡང་འཇུག་་

༥ འཛུགས་ ཀྱི་སྔོན་འཇུག་་            རྗེས་འཇུག་                ཡང་འཇུག་་

Saturday, December 18, 2010

ནང་ལས་གསར་བ་ཞིག

༡ བོད་ཀྱི་རྒྱལ་པོ་ཐོག་མ་སུ་རེད།

༢ བོད་ཡིག་གསར་དུ་བཟོ་མཁན་སུ་རེད།

༣ བོད་ཀྱི་ཕོ་བྲང་ཐོག་མའི་མིང་ལ་ག་རེ་ཟེར།

༤ བོད་ཀྱི་ཆུ་བོ་ཆེ་ཤོས་གཉིས་གང་རེད།

༥ བོད་ཀྱི་རྒྱལ་ས་གང་རེད།

༦ དཀོན་མཆོག་གསུམ་ཞུ་བ་གང་དག་ཡིན།

༧  ནང་པའི་ཆོས་སྟོན་པ་པོ་སུ་ཡིན།

༨  ལག་རྩེད་སྤོ་ལོ་རྩེད་མཁན་ཡག་ཤོས་སུ་རེད།

༩  ཁྱེད་རང་གི་རྩེད་མོ་དགའ་ཤོས་ག་རེ་ཡིན།

༡༠ བོད་གཞས་ལ་དགའ་བོ་ཡོད་དམ།

སུམ་ཅུ་པའི་རྩ་བ

       རྒྱ་གར་སྐད་དུ། བྱཱ་ཀ་ར་ཎ་མཱུ་ལ་ཏྲིཾ་ཤད་ནཱ་མ།
       བོད་སྐད་དུ། ལུང་སྟོན་པ་རྩ་བ་སུམ་ཅུ་པ་ཞེས་བྱ་བ། 
      
    ངག་གི་དབང་ཕྱུག་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །
    
     གང་ལ་ཡོན་ཏན་མཆོག་མངའ་བའི། །དཀོན་མཆོག་དེ་ལ་ཕྱག་འཚལ་ལོ། །
     གང་གིས་སྒྲ་དབྱངས་ཀུན་གསུང་བའི། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །
     གང་གིས་མིང་གཞི་སྔོན་གསུངས་པ། །རྟག་ཞི་བ་ལ་ཕྱག་འཚལ་ལོ། །
     སྡེབ་སྦྱོར་ལེགས་མཛད་མཁས་རྣམས་དང་། །བླ་མ་ལ་ཡང་ཕྱག་འཚལ་ནས། །
     བསླབ་པ་ཀུན་གྱི་གཞི་འཛིན་ཅིང་། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །
     མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་བཤད་པར་བྱ། །
    

       ཡི་གེ་ཨཱ་ལི་ཀཱ་ལི་གཉིས། །ཨཱ་ལི་གསལ་བྱེད་ཨི་སོགས་བཞི། །
       ཀཱ་ལི་སུམ་ཅུ་ཐམ་པའོ། །དེ་ལ་རྗེས་འཇུག་བཅུ་ཡིན་ཏེ། །
     
      དེ་ལས་ལྔ་ནི་སྔོན་དུའང་འཇུག །མི་འཇུག་པ་ནི་ཉི་ཤུའོ། །
      ཀཱ་ལི་ཕྱེད་དང་བརྒྱད་སྡེ་ནི། །བཞི་བཞི་དག་ཏུ་ཕྱེ་བ་ལས། །
      
      དང་པོ་གསུམ་པ་བཞི་པ་ལས། །མས་གཉིས་དྲུག་པའི་གསུམ་པ་དང་། །
      བདུན་པ་ལ་ནི་ཤ་མ་གཏོགས། །རྗེས་འཇུག་ཡི་གེ་བཅུ་རུ་འདོད། །
      
       རྗེས་འཇུག་ཡི་གེ་བཅུ་ཉིད་ལས། །དང་པོ་གསུམ་པ་ལྔ་པ་དྲུག །
       བདུན་པ་རྣམས་ནི་སྔོན་དུའང་འཇུག །མིང་གཞི་གཉིས་སམ་གསུམ་སྦྲེལ་ལམ། །
      
       དེ་ལ་དབྱངས་ཀྱི་བཞི་ལྡན་ཡང་། །གང་དུའང་འཇུག་མིན་སྦྱར་བའང་མིན། །
       རྗེས་འཇུག་ཡི་གེ་བཅུ་པོ་ནི། །མིང་གང་གི་ནི་མཐར་སྦྱར་བ། །
      
       དེ་ལ་ཨཱ་ལི་བཞི་པ་སྦྱར། །སླར་བསྡུ་བར་ནི་ཤེས་པར་བྱ། །
       རྗེས་འཇུག་ཡི་གེ་བཅུ་རྣམས་ལས། །གང་མིང་མཐའ་ན་བཅུ་པ་གནས། །
      
       དེ་ལ་ཨཱ་ལི་གཉིས་པ་སྦྱར། །གང་མིང་མཐའ་ན་བརྒྱད་པ་གནས། །
       དེ་ལ་གཉིས་པ་ཨུ་ཡང་སྦྱར། །གང་མིང་མཐའ་ན་གསུམ་པ་གནས། །
      
       དེ་ལ་ཨཱ་ལི་གཉིས་པ་སྦྱར། །བཞི་པ་དགུ་པ་དངོས་ཀྱང་སྟེ། །
       ལས་དང་ཆེད་དང་རྟེན་གནས་དང་། །དེ་ཉིད་ཚེ་སྐབས་ལ་སྒྲ་ཡིན། །
     
      རྗེས་འཇུག་ཡི་གེ་བཅུ་པོ་ལ། །ཨི་དང་མཐུན་ལུགས་འདི་ཞེས་བྱ། །
      དང་པོ་གཉིས་ལ་དང་པོ་མཐུན། །གསུམ་ལྔ་བཅུ་ལ་ཀྱ་དང་སྦྱར། །
      
       བདུན་པ་ཉིད་ལ་བདུན་པ་སྟེ། །ལྷག་མ་རྣམས་ལ་གྱ་སྦྱར་བ། །
       དེ་དག་ཨི་སྦྱར་འབྲེལ་བའི་ས། །དེ་ཉིད་ལ་ནི་བཅུ་པ་སྦྱར། །
      
       བྱེད་པ་པོ་རུ་ཤེས་པར་བྱ། །ཨཱ་ལི་ཕྱིས་ནི་གཉིས་པ་སྦྱར། །
       ཚིག་རྒྱན་གཉིས་དང་སྡུད་པར་འགྱུར། །ལ་དོན་སུ་ལ་ཨུ་ཕྱིས་ནས། །
      
       དེ་ལ་གསུམ་པའི་དང་པོ་སྦྱར། །དེ་ལ་ཨཱ་ལི་གསུམ་པ་སྦྱར། །
       དེ་ནི་ལྷག་མ་དང་བཅས་པའོ། །རྗེས་འཇུག་ཡི་གེ་བཅུ་པོ་ལ། །
      
      དྲུག་པ་སྦྱར་ན་འབྱེད་སྡུད་ཡིན། །རྗེས་འཇུག་ཡི་གེ་བཅུ་པོ་ཡི། །
      བཞི་པ་དགུ་པ་ལ་བཅུ་པ། །སྦྱར་བ་འབྱུང་ཁུངས་ས་ཡིན་ཏེ། །
     
      དགར་དང་སྡུད་པའང་དེ་བཞིན་ནོ། །གང་མིང་བརྗོད་པའི་དང་པོ་རུ། །
      ཀྱེ་སྦྱར་བ་ནི་བོད་པ་ཡིན། །གང་མིང་མཐའ་དང་མཐུན་པ་ཡི། །
     
     བཞི་པ་ལ་ནི་ཨི་སྦྱར་བ། །དགར་དང་བརྣན་པའི་ཚིག་ཏུ་འགྱུར། །
      མིང་གང་རུང་བའི་བར་མཚམས་སུ། །གསུམ་པ་ལ་ནི་གཉིས་པ་སྦྱར། །


       དེ་ནི་སྡུད་དང་འབྱེད་པ་དང་། །རྒྱུ་མཚན་ཚེ་སྐབས་གདམས་ངག་ལྔའོ། །
      གང་མིང་གི་ནི་ཡ་མཐའ་རུ། །གསུམ་པ་ལ་ནི་ཨེ་སྦྱར་བ། །
      
       ཐ་སྙད་དབང་དུ་གསུམ་ཡིན་ཏེ། །དངོས་པོའི་དབང་དུ་བཞི་རུ་འགྱུར། །
       དུས་ཀྱི་དབང་དུ་གཉིས་ཡིན་ནོ། །གང་མིང་བརྗོད་པའི་དང་པོ་རུ། །
       
       དང་པོ་ལ་ནི་གཉིས་པ་སྦྱར། །སྤྱི་ལ་ཁྱབ་པ་ཉིད་དུ་འགྱུར། །
       གང་མིང་གི་ནི་མ་མཐའ་ན། །པུ་ལིངྒ་ཡི་སྒྲ་མེད་པ། །
      
       དེ་ལ་པུ་ལིངྒ་སྦྱར་ན། །བདག་པོའི་སར་ནི་ཤེས་པར་བྱ། །
       གང་མིང་བརྗོད་པའི་ཡ་མཐའ་ན། །སྟྲཱི་ལིངྒ་ཡི་སྒྲ་མེད་པ། །
      
       དེ་ལ་སྟྲཱི་ལིངྒ་སྦྱར་ན། །དགག་པའི་གནས་སུ་ཤེས་པར་བྱ། །
       ཚིགས་སུ་བཅད་པའི་མཚམས་སྦྱར་རྣམས། །ཅུང་ཟད་བསྡུས་པ་ཡོད་ན་ཡང་། །
       
       དེ་ནི་དེ་བཞིན་སྦྱར་བར་བྱ། །སྔོན་འཇུག་ཡོད་དམ་མེད་ཀྱང་རུང་། །
        མིང་གཞིའི་ཡི་གེ་གང་ཡིན་ལ། །གཉིས་འབྲེལ་ཡོད་དམ་གསུམ་འབྲེལ་ཡོད། །
       
       ཨཱ་ལི་བཞི་ལས་གང་ལྡན་ཡང་། །རྗེས་འཇུག་བཅུ་པོ་མ་ཞུགས་ན། །
        མིང་གཞན་སྦྱོར་བ་ཡོད་མི་སྲིད། །རྗེས་འཇུག་བཅུ་ཡི་དོན་ཤེས་ན། །
      
       འབྲི་དང་ཀློག་དང་བཤད་རྣམས་ཀྱི། །མཚམས་སྦྱོར་སྒྲ་ལ་ཐོགས་མེད་ཅིང་། །
        འབྲེལ་བ་སྨྲ་བའི་མཆོག་ཏུ་འགྱུར། །གཞན་ཡང་རྗེས་འཇུག་ཤེས་པ་ཡིས། །
       
      དོན་གྱི་སྦྱོར་བ་མ་མཐོང་ཡང་། །དོན་དང་མཐུན་པའི་སྦྱོར་བ་ཤེས། །
        རྗེས་འཇུག་སྦྱོར་བ་མཁས་པ་ན། །ལུང་གི་དོན་དང་སྦྱོར་བ་དང་། །
      
       བླ་མའི་མན་ངག་གསུམ་སྦྱར་ནས། །དོན་གྱི་ཐོག་ཏུ་དབབ་པར་བྱ། །
        བསླབ་ལ་བརྩོན་པའི་གང་ཟག་གིས། །དང་པོར་ང་རོ་རྣམས་ལ་སྦྱང་། །
      
      སྔོན་འཇུག་མིང་གཞི་རྗེས་འཇུག་གསུམ། །ཀློག་གི་ཆེད་དུ་བསླབ་པ་ཡིན། །
       རྗེས་འཇུག་བཞི་ཡི་སྦྱོར་བ་ནི། །མཉན་བསམ་བསྟན་པའི་དོན་དུ་སྦྱར། །
      
      ཡན་ལག་དེ་དག་མཐུ་ཡིས་ནི། །འབྲས་བུའི་ཆེད་དུ་དོན་ལ་དབབས། །
       བསླབ་པའི་རིམ་པ་འདི་ཡིས་ནི། །གང་ཞིག་འབད་པ་ཆུང་ངུས་ཀྱང་། །
      
      ཤེས་རབ་མྱུར་དུ་གྲོལ་བར་འགྱུར། །དེ་ཕྱིར་དང་པོར་འདི་ཉིད་བསླབ། །
        དེ་ནས་རྒྱས་པའང་མཉན་བྱས་ཏེ། །བསླབ་པ་གང་ལ་དད་པ་ཡི། །
       
       གཞུང་ཉིད་བླ་མ་དག་ལས་མཉན། །སློབ་དཔོན་དེ་ཉིད་དུ་འཛིན་ཅིང་། །
        ལེ་ལོ་གཡེང་བ་རྣམ་པར་སྤངས། །ཟོ་བཟང་དད་པ་ལ་བརྟེན་པ། །
       
       སྐྱེས་བུ་དེས་ནི་མྱུར་རྟོགས་ཏེ། །དེ་ལ་དུས་སུ་འདོམས་པར་བྱ། །
        ཅིག་ཤོས་དེ་ལས་ལྡོག་པའོ།

Thursday, December 16, 2010

ཁ་རྒྱུགས་བླངས་པ།

སློབ་ཆུང་ཞིག་གིས་ལོ་རིམ་དང་པོའི་སློབ་ཕྲུག་གསར་པ་བསྡུ་བཞིན་ཡོད།  རྒན་ལགས་ཀྱིས་སློབ་གསར་ཐོ་འགོད་བྱེད་མཁན་སློབ་ཕྲུག་ཅིག་ལ་ཁ་རྒྱུགས་བླངས་པར་༸ ཁྱོད་རང་རྒྱག་རེས་རྒྱག་རྒྱུར་དགའ་པོ་ཡོད་དམ་༸ ཞེས་དྲིས་གནང་བ་ལ་ཕྲུ་གུ་དེས་ ༸ རྒྱག་རེས་ཁྱོན་ནས་རྒྱག་གི་མེད་༸ ཅེས་ལན་བཏབ།  ཡང་རྒན་ལགས་ཀྱིས་ ༸ ཁྱོད་རང་གིས་མི་གཞན་རྒྱག་རེས་རྒྱག་པ་མཐོང་སྐབས་གང་འདྲ་བྱེད་དམ་༸ ཞེས་དྲིས་པར་ཕྲུ་གུ་དེས་ ༸ ཁོ་གཏོར་རྒྱུ་རེད་༸ ཅེས་ལན་བཏབ་བོ།

གཤམ་གྱི་ཚིག་རྣམས་དབྱིན་ཡིག་ལ་བསྒྱུར་རོགས་གནང་།

༡ སློབ་ཆུང་།

༢ ལོ་རིམ་དང་པོ།

༣ སློབ་ཕྲུག་གསར་བ།

༤ ཐོ་འགོད་བྱེད་པ།

༥  ཁ་རྒྱགས་བླངས་པ།

༦རྒྱག་རེས་རྒྱག་པ།

༧ མི་གཞན།

༨ མཐོང་སྐབས།

༩ ཁོ་གཏོར་རྒྱུ།

༡༠ ཡ་རབས་སྤྱོད་བཟང་།

Sunday, December 5, 2010

Why Tibetan?

                       བོད་པའི་དར་ལྕོག་དང་རླུང་རྟ་འདི་ནི་བོད་མི་རིགས་
                          ཀྱི་བླ་སྲོག་ལྟ་བུ་ཞིག་ཡིན་པས། བོད་པའི་ས་ཆ་གང་དུ་ཕྱིན་ནའང་
                              མི་རིགས་ཀྱི་ངོ་བོ་མཚོན་བྱེད་ཞིག་ཏུ་གྱུར་ཡོད།   
                                 ལྷ་རྒྱལ་ལོ།  


སློབ་གྲོགས་ཚོ། ཁྱེད་ཅག་གིས་བོད་ཡིག་སྦྱངས་དགོས་པའི་དམིགས་ཡུལ་དང་རེ་བ་གཙོ་བོ་དེ་ག་རེ་ཡིན་ནམ།

Wednesday, December 1, 2010

About writing བོད་ཡིག་འབྲི་ཀློག

འདས་པའི་ཉིན་འགས་རིང་སློབ་གྲོགས་རེ་ཞིག་གིས་མ་སྐུལ་དྭངས་བླངས་ཀྱི་
རྐང་རྩེད་སྤོ་ལོ་དང་།    ལག་རྩེད་སྤོ་ལོ།   གཞས་སྣ་སོགས།   ཡང་ན་བོད་ཡིག་གི་བྱིས་སྒྲུང་སོགས་བྲིས་གནང་བར་ཐུགས་རྗེ་ཆེ་ཞུ།

འཆི་མེད་ཀྱིས་བྲིས་པའི་བྱིས་སྒྲུང་དེ་ཡག་པོ་ཞེ་དྲག་འདུག་པས་འདིར་བསྐྱར་དུ་ཡིག་གཟུགས་ཆེ་རུ་བཏང་ནས་སྤེལ་བ་ཡིན།
Chemay Shola said...
འཆི་མིད་རིག་འཛིན་ཞོལ་བླ་
ང་ལ་ལག་པ་གཉིས་ཡོད་
ངས་ལག་པས་ལས་ཀ་བྱེད་ཀྱི་ཡོད་
ང་ལ་རྐང་པ་གཉིས་ཡོད་
ངས་རྐང་པས་གོམ་པ་རྒྱག་གི་ཡོད་
ང་ལ་མིག་གཉིས་ཡོད་
ངས་མིག་གིས་ལྟ་གི་ཡོད་
ང་ལ་རྣ་མཆོག་གཉིས་ཡོད་
ངས་རྣ་མཆོག་གིས་ཉན་གྱི་ཡོད་
ང་ལ་སྣ་བུག་ཡོད་
ངས་སྣ་བུག་གིས་དྲི་མ་སྣོམ་གྱི་ཡོད་
ང་ལ་ཁ་ཡོད
ངས་ཁས་སྐད་ཆ་ཤོད་ཀྱི་ཡོད་
ང་ལ་ལྕེ་གཅིག་ཡོད་
ལྕེ་ཡིས་བྲོ་བ་མྱོང་གིི་ཡོད་
Chemay Shola said...
འཆི་མེད་རིག་འཛིན་ཞོལ་བླ་
རྨོ་བོ་ཞིག་ལ་བྱ་མོ་གཅིག་ཡོད་རེད་ བྱ་མོ་དེས་ཉིན་ལྟར་སྒོ་ང་རེ་གཏོང་བ་རེད་ རྨོ་བོ་དེ་ལ་ཡུན་རིང་པོར་སྒོ་ང་ཟ་རྒྱུ་བྱུང་བ་དང་ འཚོང་རྒྱུ་བྱུང་བ་རེད་ ཉིན་གཅིག་རྨོ་བོ་དེས་ བྱ་མོ་འདིས་ཉིན་རི་སྒོ་ང་རེ་རེ་ལས་གཏོང་གི་མི་འདུག་ འདེའི་ཁོག་པ་བསྔོགས་ན་སྒོ་ང་ཚང་མ་སྡེབ་ལ་རག་གི་རེད་ བསམས་ནས་བྱ་མོ་བསད་པ་དང་ སྒོ་ང་གཅིག་ཀྱང་མ་ཐོབ་ མོ་རང་འགྱོད་པ་ཞེ་དྲག་སྐྱེས་པ་རེད་