Friday, January 28, 2011

སློབ་ཕྲུག་ཡ་རབས་ཀྱི་བྱེད་སྒོ

༡  ཞོགས་ལྟར་སྔ་པོ་ལངས་དགོས།

༢ སྔ་དགོང་གཉིས་ལ་སོ་གཙང་མ་བཀྲུ་དགོས།

༣ ཉིན་ལྟར་ལུས་རྩལ་སྦྱོང་དགོས།

༤ ཁ་ལུད་དང་། སྣབས་ལུད་གང་བྱུང་གཡུག་མི་རུང་།

༥ གོས་དང་། ལུས་པོ་ཡང་ཡང་བཀྲུ་དགོས།

༦ ལག་པ་བཙོག་པས་ཟས་ལ་འཇུ་མི་རུང་།

༧ ཉིན་ལྟར་འཛིན་གྲྭར་རྗེས་ལུས་མ་ཐེབས་པར་བྱེད་དགོས།

༨ འཛིན་གྲྭའི་གཡས་གཡོན་ལ་སྐད་ཅོར་མ་རྒྱག

༩ རྒན་ལགས་ཀྱིས་སློབ་ཁྲིད་གནང་སྐབས་མ་ཤེས་པ་བྱུང་ན་བཀའ་འདྲི་ཞུ་དགོས

༡༠ དགེ་རྒན་གྱིས་ནང་སྦྱོང་གནང་བ་དེ་ཚོ་དུས་ཐོག་སྦྱོང་དགོས།

Thursday, January 20, 2011

ཀ་ནས་ཨ་བར

ཀ་  ཀ་བ            ཁ་   ཁ་ལག       ག་   ག་པར          ང་   ང་ཚོ


ཅ་ ཅ་གལ          ཆ་   ཆ་གཉིས      ཇ་   ཇ་མ            ཉ་   ཉ་པ


ཏ་   ཏ་ཀུ           ཐ་   ཐ་མལ        ད་  ད་བར          ན་  ན་ཚ


པ་  པ་ལགས       ཕ་    ཕ་རོལ        བ་   བ་མ            མ་   མ་ནི


ཙ་   ཙི་ཙི         ཚ་   ཚ་བོ          ཛ་   ཛ་དྲག           ལྦ་    ལྦ་མོ


ཞ་   ཞ་མོ         ཟ་   ཟ་མ         འ་   འ་བོ             ཡ་   ཡ་རབས


ར་   ར་མ         ལ་  ལ་ཕུག        ཤ་   ཤ་བ             ས་   ས་བོན


ཧ་  ཧ་ལོ             ཨ་   ཨ་ཕ  ཨ་མ་  ཨ་ཞང་    ཨ་ཁུ   ཨ་ནེ  ཨ་ཅག

Saturday, January 15, 2011

བོད་ཀྱི་དུས་ཆེན་ངོ་སྤྲོད།

བོད་ཟླ་དང་པོའི་ནང་ལོ་གསར་དང་། ཆོ་འཕྲུལ་དུས་ཆེན།

བོད་ཟླ་གཉིས་པའི་ནང་ཚོགས་མཆོད་སེར་སྦྲེང་།

བོད་ཟླ་གསུམ་པའི་ནང་བརྒྱད་གཏོར་མཛད་སྒོ།

བོད་ཟླ་བཞི་པའི་ནང་ས་ག་ཟླ་བའི་དུས་ཆེན།

བོད་ཟླ་ལྔ་པའི་ནང་འཛམ་གླིང་སྤྱི་བསངས།

བོད་ཟླ་དྲུག་པའི་ནང་དྲུག་པ་ཚེས་བཞིའི་དུས་ཆེན།

བོད་ཟླ་བདུན་པའི་ནང་ཞོ་སྟོན།

བོད་ཟླ་བརྒྱད་པའི་ནང་ཆབ་བཞུགས།

བོད་ཟླ་དགུ་པའི་ནང་ལྷ་བབས་དུས་ཆེན།

བོད་ཟླ་བཅུ་པའི་ནང་དགའ་ལྡན་ལྔ་མཆོད།

བོད་ཟླ་བཅུ་གཅིག་པའི་ནང་ངན་པ་དགུ་འཛོམས་དང་། བཟང་པོ་བཅུ་འཛོམས།

བོད་ཟླ་བཅུ་གཉིས་པའི་ནང་དགུ་གཏོར་བཅས་རེད།

Thursday, January 13, 2011

རེ་བ

དང་པོ་ནང་ནས་ཡོང་དུས། ཨ་མས་མ་འགྲོ་གསུངས་སོང་། གཉིས་པ་ས་མཐའ་ལྷུང་དུས། ཨ་མ་ཡིད་ལ་འཁོར་བྱུང་།

མཁས་པ་སློབ་པའི་དུས་ན་སྡུག །།

བདེ་བར་སྡོད་ལ་མཁས་མི་སྲིད།། 

བདེ་བ་ཆུང་ལ་ཆགས་པ་དེས།།

ཆེན་པོའི་བདེ་བ་ཐོབ་མི་སྲིད།།

བཀྲ་ཤིས་བདེ་ལེགས།


Monday, January 10, 2011

སེམས་པ་བཟང་པོ་དང་རང་གི་སྐད་ཡིག

༡ སེམས་པ་བཟང་པོ་བྱ་དགོས་པ།
 
 མི་ལ་རིན་ཐང་བྲལ་བའི་དངོས་པོ་ནི་སེམས་པ་བཟང་པོ་དེ་ཡིན། སྨན་ཁང་ནས་སྨན་བཅོས་བྱས་ཏེ་སེམས་བཟང་པོ་བཟོ་རྒྱུ་མེད་ལ། ཁྲོམ་ནས་སེམས་བཟང་པོ་ཞིག་ཉོ་ཆ་རྒྱག་རྒྱུ་ཡང་མེད། དེ་ནི་སོ་སོས་བསམ་བློ་བཏང་ནས་སེམས་བཟང་པོ་བཟོད་དགོས་པ་ཡིན། སེམས་བཟང་པོ་ཡོད་ན། སོ་སོ་ལ་ཡང་ཕན། མི་གཞན་དག་ལ་ཡང་ཕན། མི་ཚེ་དོན་དང་ལྡན་པ་ཡོང་གི་རེད།


༢ རིག་གཞུང་ལ་བདག་གཅེས་དགོས་པ།

  དེང་དུས་ཧིན་དི་དང་། དབྱིན་ཇི་ཕྲན་བུ་ཤེས་པའི་གཞོན་ནུ་ཚོས། མི་ཞིག་འཕྲད་མ་ཐག་ཧ་ལོ་Hello ཟེར་བ་དང་།  ཡུ་ནོའོ་Yes, No ཟེར་བ་སོགས་བོད་སྐད་ནང་དབྱིན་ཇིའི་མིང་ཚིག་མང་པོ་བསྲེས་ནས་བརྗོད་པ་འདི་དག་ལ་སེམས་ལྷད་ཀྱི་དྲི་མ་མེད་ཀྱང་། དོན་སྙིང་རུལ་འགྲོ་གི་ཡོད་པ་རེད། ད་ལྟ་ནས་དེ་ལྟར་བརྗོད་ན། ཚིག་ལྷད་དེ་དག་རིམ་བཞིན་དར་འཕེལ་ཕྱིན་ན་གང་འདྲ་ཞིག་ཡོང་གི་ཡོད་དམ།

      ཡ་རབས་བཟང་པོའི་གོམས་གཤིས་ཅན་གྱི་བོད་མི་རྣམས་རྒས། གཞོན་ནུ་ཚོས་བོད་སྐད་ནང་ཚོག་ལྷད་གང་འཚམས་བཅུག   བུ་ཕྲུག་ཆུང་ངུ་ཚོས་མ་ཤེས་པར་དེ་བས་མང་ཙམ་བཅུག
གང་འཚམས་ནས་བོད་སྐད་གཙང་མ་དེ་གོ་བརྡ་མ་འཕྲོད་པའི་དུས་ཤིག་བྱུང་ན་ཇི་འདྲ་བྱེད་ཀྱི་ཡིན་ནམ།   གོང་ས་༧ མཆོག་གི་བཀའ་སློབ་ལས།

Sunday, January 2, 2011

35 Questions!! དྲི་བ་༣༥ པའི་ ནང་ལས་གསར་བ།

༡  ལྷ་ས་ནི་                ཞིག་ཡིན།
༢  ལྷ་ས་ནི་མི་ལོ་                      ལྷག་གི་ལོ་རྒྱུས་ཡོད།
༣  གྲོང་ཁྱེར་དེའི་གཙོ་བོ་ཕོ་བྲང་ནི་                         ཡིན།
༤  གྲོང་ཁྱེར་དེའི་གཙུག་ལག་ཁང་གཉིས་ནི་                   དང་              ཡིན།
༥  དཀོན་མཆོག་གསུམ་ནི་
༦  བོད་ཀྱི་རྒྱལ་པོ་དང་པོ་ནི་                       ཡིན།
༧  ནང་པའི་ཆོས་ཐོག་མར་གསུང་པ་པོ་ནི་                       ཡིན།
༨  ནང་པའི་ཆོས་ཀྱི་འབྱུང་ཁུངས་ནི་                          ཡིན།
༩  བདག་ཅག་གི་སྟོན་པ་སངས་རྒྱས་ས་ནི་                     ཡིན།
༡༠  སྟོན་པ་སྐུ་འཁྲུངས་ས་ནི་                             ཡིན།
༡༡  སངས་རྒྱས་སྐུ་མྱ་ངན་ལས་འདས་ས་ནི་                  ཡིན།
༡༢  གཞོན་ནུ་དོན་འགྲུབ་ནི་སངས་རྒྱས་ཀྱི་                རེད།
༡༣  ལྷ་མོ་དོན་འགྲུབ་ནི་                            མཚན་རེད།
༡༤  བོད་མི་དང་པོ་བྱུང་ས་ནི་                        རེད།
༡༥  བོད་མི་གདོང་དྲུག་ནི་                                              དག་ཡིན།
༡༦  བོད་ཀྱི་མཁར་ཐོག་མ་ནི་                               ཡིན།
༡༧  བོད་ཀྱི་གདན་ས་གསུམ་ནི་                                          སོགས་ཡིན།
༡༨  བོད་རིགས་ནི་ཕ་                       དང་མ་                  གཉིས་ལས་བྱུང་།
༡༩  སྡེ་སྣོད་གསུམ་ནི་                                              དག་ཡིན།
༢༠  བཀའ་བསྡུ་གསུམ་བྱུང་བ་ནི་                                          དག་ཡིན།
༢༡  ལྷ་ཆོས་དགེ་བ་བཅུ་ནི་ལས་   ལུས་ཀྱི་གསུམ་ནི་
                               ངག་གི་བཞི་ནི་
                               ཡིད་ཀྱི་གསུམ་ནི་                         བཅས་ཡིན།
༢༢  བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་ནི་                                     དག་ཡིན།
༢༣  བོད་ཀྱི་རིག་གནས་ཆེ་བ་ལྔ་ནི་                                          ཡིན།
༢༤  བོད་ཀྱི་རིག་གནས་ཆུང་བ་ལྔ་ནི་                                        ཡིན།
༢༥  སེམས་ཅན་༡༥ ཡི་མིང་འབྲི་རོགས་གནང་།


༢༦   ཤིང་ཏོག་༡༠ཡི་མིང་འབྲི་རོགས་གནང་།

༢༧  སྔོ་ཚལ་༡༠ ཡི་མིང་འབྲི་རོགས་གནང་།

༢༨  དུག་ལོག་གམ་གྱོན་ཆས་༥་ཡི་མིང་འབྲི་རོགས་གནང་།

༢༩  རྣམ་དབྱེ་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་དཔེར་བརྗོད་འབྲི་རོགས་གནང་།

༣༠ བོད་ཡིག་གསར་དུ་བཟོ་མཁན་སུ་རེད།
༣༡ བོད་ཡིག་གསར་དུ་བཟོས་ནས་ད་ལྟ་བར་མི་ལོ་ག་ཚོད་ཕྱིན་པ་རེད།
༣༢ རྒྱལ་པོ་སུའི་སྐབས་སུ་བོད་ཡིག་བཟོས་པ་རེད།
༣༣ བོད་ཡིག་དཔེར་གང་ལ་བཞག་ནས་བཟོ་གནང་པ་རེད།
༣༤ ང་ཚོའི་བོད་པའི་དཔེ་ཆོས་ནང་དུ་ཐོག་མར་རྒྱ་གར་གྱི་སང་ཊྲི་ཏའི་སྐད་བཞག་དགོས་པའི་རྒྱུ་མཚན་ག་རེ་རེད།

༣༥  ཐོན་མི་སམ་བྷོ་ཊ་ཟེར་བའི་དོན་དག་ག་རེ་རེད།

༣༥  གཏོང་ཡིག་ཅིག་སོ་སོའི་ཕ་མ་ཡིན་ན་རེད། གྲོགས་པོ་ཡང་ན་གྲོགས་མོ། དགེ་རྒན། སོ་སོའི་སྤུན་གྲོགས་གང་ཡང་རུང་བ་ཞིག་ལ་འབྲི་རོགས་གནང་། ཚིག་གྲུབ་༢༠ ལས་མང་བ་འབྲི་རོགས་གནང་།

Saturday, January 1, 2011

ང་ཚོ་ཚང་མ་བོད་པ་རེད

ང་ཚོ་ཚང་མ་བོད་པ་རེད། སྔོན་ལ་བོད་ཡིག་ཡག་པོ་སྦྱང་དགོས། ངས་རྒྱུན་དུ་ང་ཚོ་བོད་རིགས་ཀྱིས་རང་གི་སྐད་ཡིག་སྦྱང་དགོས་པ་འདུག་ཅེས་གང་ས་གང་དུ་སྐད་རྒྱག་གི་ཡོད། ཏོག་ཙམ་ཡར་རྒྱས་ཕྱིན་ཡོད་ཀྱང་ཡག་པོ་རང་མི་འདུག   འདོད་པ་ཚིམ་པོ་ཞིག་མི་འདུག    ཚང་མས་བོད་ཡིག་དེ་ཡག་པོ་ཞིག་སྦྱོངས་རོགས་ཞུ།  པན་ཆེན་རིན་པོ་ཆེ་ཡིས།