Monday, February 21, 2011

ལེགས་བཤད།

ཤེས་རབ་ལྡན་པ་མགོ་བསྐོར་ཡང་།།
བྱ་བའི་ཆ་ལ་རྨོངས་མི་འགྱུར།།
སྲོག་ཆགས་གྲོག་མ་མིག་མེད་ཀྱང་།།
མིག་ལྡན་གཞན་ལས་ལྷག་པར་མགྱོགས།།



འགྲོ་མགོན་སངས་རྒྱས་བཞུགས་བཞིན་དུ།།
སྟོན་པ་གཞན་ལ་གུས་བྱེད་པ།།
ཡན་ལག་བརྒྱད་ལྡན་ཆུ་འགྲམ་དུ།།
བ་ཚྭའི་ཁྲོན་པ་བརྐོ་བ་ཡིན།།


མཁས་པ་ཡོན་ཏན་མཛོད་འཛིན་པ།།
དེ་དག་ལེགས་བཤད་རིན་ཆེན་གཏེར།།
རྒྱ་མཚོ་ཆེན་པོ་ཆུ་བོའི་གཏེར།།
ཡིན་ཕྱིར་ཆུ་བོ་ཐམས་ཅད་འབབ།།

Saturday, February 12, 2011

ཡིག་རྒྱུགས

མི་དགེ་བ་བཅུ་ནི་



     སྲོག་གཅོད་པ།   མ་བྱིན་ལེན་པ།   མི་ཚངས་སྤྱོད་པ།   རྫུན་བཤད་པ།    ཕྲ་མ་བཤད་པ།
     ཚིག་རྩུབ།  ངག་བཀྱལ།   བརྣབ་སེམས།   གནོད་སེམས།   ལོག་ལྟ།




    བོད་ཀྱི་རིག་གནས་ཆེ་བ་ལྔ་ནི་


   གསོ་བ་རིག་པ། བཟོ་བ་རིག་པ། སྒྲ་རིག་པ། ཚད་མ་རིག་པ།  ནང་དོན་རིག་པ།




    བོད་ཀྱི་རིག་གནས་ཆུང་བ་ལྔ་ནི་


      སྙན་ངག  མངོན་བརྗོད།   སྡེབ་སྦྱོར།   ཟློས་གར།   སྐར་རྩིས།






མིག་དང་། སྣ་དང་། རྣ་དང་། ལྕེ་དང་། ལུས་བཅས་ལ་ དབང་པོ་ལྔ་ཟེར།