Friday, October 28, 2011

NBA Start soon....སྤོ་ལོརྩེད་འགྲན་འགོ་བཙུགས་དུས་ཡོད་པ་རེད།

རྒྱལ་ཡོངས་ལག་རྩེད་སྤོ་ལོ་རྩེད་མིན་དེ་ད་རེས་གཟའ་པ་སངས་ཉིན་ཐག་གཅོད་བྱ་བཞིན་པ་རེད།


གལ་སྲིད་རྩེད་ཐུབ་ན་མི་འགྱངས་བར་དུས་ཚོད་གཏན་འཁེལ་གྱི་ག་དུས་རྩེད་མིན་སོགས་ཁྱབས་བསྒྲགས་ཀྱང་གནང་བཞིན་པ་རེད།

རྒྱལ་ཡོངས་ལག་རྩེད་སྤོ་ལོ་NBAཟླ་འདིའི་ཡེ་ཤུ་མ་ཤེའི་ཀེ་འཁྲུངས་སྟོན་ཉིན་༡༢་་་༢༦་འགོ་བཛུགས་བཞིན་ཡིན་པས། ལྷན་རྒྱས་གཟིགས་མོལ་བ་རྣམས་ཀྱི་ཐུགས་ལྷོད་ལྷོད་ཀྱིས་གཟིགས་རོགས་གནང་།

རྩེད་འགྲན་མ་ཚུགས་པའི་ཡ་སྔོན་དུ་ཚོགས་སྡེ་ཚོས་རྩེད་མཁན་འགའ་ཤས་ཤིག་ཕན་ཚུན་བརྗེད་རེ་ཡིས་གྲོས་མོལ་བྱ་བཞིན་ཡོད་པས། མི་འགྱངས་བར་གནས་ཚུལ་གསར་བ་འགའ་ཡོང་ངེས་རེད།


གངས་ཅན་ན་གཞོན་སྤོ་ལོ་ཚོགས་པ་ཚོས་ཀྱང་ལོ་གསར་བའི་ནང་དུ་གླིང་ཀའི་སྤོ་ལོ་རྩེད་འགྲན་གྱི་གྲ་སྒྲིག་བྱ་བཞིན་ཡོད་པ་རེད།

གལ་སྲིད་ཁྱོད་དང་ཁྱོད་འདྲ་བའི་སྤུན་ཟླ་སྤོ་ལོ་ལ་དགའ་ཞེན་ཡོད་མཁན་ཡོད་ན། མྱུར་ཏུ་ང་ཚོ་ལ་འབྲེལ་བ་གནང་རོགས་གནང་།

Tuesday, October 11, 2011

The Four Immeasurables ཚད་མེད་བཞི།

༄༄།། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག།
      
       May all sentient beings have happiness and the
          causes of happiness.

      སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག།

         May all sentient beings be free from suffering and the
            causes of suffering.

     སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག།

      May all sentient beings never be separate from sorrowless
        bliss.

     སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་  
      པར་གྱུར་ཅིག

      May all sentient beings abide in equanimity, free of bias,
        attachment and anger. or
    
        May all sentient beings leave attachment to dear ones and

       aversion to others, and live believing in the equality of all that
        lives.

རྔ་བ་ཞེས་པའི་མིང་ཇི་ལྟར་བཏགས་པ་ཡིན།

བོད་ཀྱི་ལོ་རྒྱུས་ནང་དུ་༜རྔ་བ་༜ཞེས་པ་འདི་ནི་ས་དབྱིབས་ཀྱི་སྒོ་ནས་བཏགས་པ་རེད་ཟེར་བ་ཡོངས་གྲགས་སུ་ཡོད། ས་དེའི་ས་དབྱིབས་ནི་རྔ་འདྲ་བའི་ཟླུམ་པོ་ཞིག་ཡིན་པའི་རྒྱུ་མཚན་ལ་རྟེན་ནས་བཏགས་པ་རེད་ཟེར། རྔ་བ་ནི་མདོ་ཁམས་ཀྱི་ཁོངས་སུ་ཡོད་ལ་ས་དེ་ནི་ས་ཆུ་འཛོམས་པའི་གནས་ཤིན་ཏུ་མཛེས་པ་ཞིག་ཀྱང་ཡིན་ཟེར། གནས་དེའི་མི་རྣམས་ཚོང་གཉེར་ལ་ཤིན་ཏུ་མཁས་པས་ཁོང་ཚོའི་མི་མང་ནི་འཛམ་གླིང་གི་ཡུལ་གྲུ་ཀུན་ཏུ་ཁྱབས་ཡོད་པ་རེད། ད་དུང་ཁོང་ཚོ་རྣམས་ཆོས་ལ་དད་གུས་ཡོད་ལ་རིག་གཞུང་ལ་ཞེན་ཁོག་ཡོད་པའི་མི་རིགས་ཁྱད་དུ་འཕགས་པ་ཞིག་ཀྱང་རེད།