Monday, January 23, 2012

སངས་རྒྱས་ཀྱི་མཛད་པ་བཅུ་གཉིས།


སངས་རྒྱས་ཀྱི་མཛད་པ་བཅུ་གཉིས།



  འཇིག་རྟེན་ན་ཕན་པ་དང་བདེ་བ་མ་ལུས་པ་འབྱུང་བའི་གཞི་ནི། སངས་རྒྱས་ཀྱི་བསྟན་པ་འབའ་ཞིག་ཡིན། དེའི་ཁུངས་ནི་ཆུ་འགོ་གངས་ལ་ཐུག་པ་ལྟར། བསྟན་པའི་བདག་པོ་སྟོན་པ་སངས་རྒྱས་ལ་ཐུག་པ་ཞིག་དགོས། སྤྱིར་འཇིག་རྟེན་ན་སངས་རྒྱས་འབྱུང་བ་ནི། ཨུ་དུམ་ཝ་རའི་མེ་ཏོག་ལྟར་ཤིན་ཏུ་དཀོན། འོན་ཀྱང་བསྐལ་པ་འདི་ལ་སངས་རྒྱས་སྟོང་ཕྲག་གཅིག་འབྱོན་པས་བསྐལ་པ་བཟང་པོ་ཞེས་གྲགས་ཤིང་།

དེའི་ནང་ནས་སངས་རྒྱས་

·    འཁོར་བ་འཇིག་དང་།

·    གསེར་ཐུབ།

·    འོད་སྲུང་ བཅས་གསུམ་བྱོན་ཟིན་ཅིང་།

·    རྣམ་འདྲེན་བཞི་པ་ཤྰཀྱ་ཐུབ་པ་ནི། རྩོད་ལྡན་ཚེ་ལོ་བརྒྱ་པའི་དུས་འདིར་བྱོན་པ་ཡིན།

སངས་རྒྱས་རྣམས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད།

བར་དུ་བསྐལ་ཆེན་གྲངས་མེད་གསུམ་གྱི་རིང་བསོད་ནམས་དང་། ཡེ་ཤེས་ཀྱི་  ཚོགས་གཉིས་རྒྱ་ཆེན་པོ་བསགས།

མཐར་མངོན་པར་རྫོགས་པ་སངས་རྒྱས་ཏེ་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་སེམས་ཅན་གྱི་དོན་མཐའ་ཡས་པ་མཛད་པ་ཡིན།

སངས་རྒྱས་ཀྱི་མཛད་པ་བཅུ་གཉིས་ནི།



༡ ༽ སྐྱེ་བ་མངོན་པར་སྐྱེས་པའི་མཛད་པ།

༢ ༽ དགའ་ལྡན་གནས་ནས་འཕོ་བའི་མཛད་པ།

༣ ༽ ཡུམ་གྱི་ལྷུམས་སུ་ཞུགས་པའི་མཛད་པ།

༤ ༽སྐུ་བལྟམས་པའི་མཛད་པ།

༥ ༽བཟོའི་གནས་ལ་མཁས་པར་སྟོན་པའི་མཛད་པ།

༦ ༽ བཙུན་མོའི་འཁོར་དུ་རོལ་པའི་མཛད་པ།

༧ ༽ རབ་ཏུ་བྱུང་བའི་མཛད་པ།

༨ ༽ དཀའ་བ་སྤྱད་པའི་མཛད་པ།

༩ ༽ བདུད་བཅོམ་པའི་མཛད་པ།

༡༠ ༽ སངས་རྒྱས་པའི་མཛད་པ།

༡༡ ༽ ཆོས་འཁོར་བསྐོར་བའི་མཛད་པ།

༡༢ ༽ སྐུ་མྱ་ངན་ལས་འདས་པའི་མཛད་པ་



    བཅས་ལ་མཛད་པ་བཅུགཉིས་ཞེས་གྲགས་པ་ཡིན།

Saturday, January 21, 2012

K-3 Grade




ཉི་མ་སློབ་གྲྭའི་
ནང་སྦྱོང་
རེ་མིག
















ཟླ་ཚེས

 ནང་སྦྱོང་    འབྲི་      ཀློག་
དུས་ཡུན
ཕ་མའི་མཚན་རྟགས
སློབ་དགེའི་མཚན་རྟགས