Wednesday, April 18, 2012

མི་ཆོས་གཙང་མ་བཅུ་དྲུག


མི་ཆོས་གཙང་མ་བཅུ་དྲུག 
  སྔར་བོད་རྒྱལ་སྲོང་བཙན་སྒམ་པོས་གཏན་འབེབས་བྱས་པའི་     
 ཁྲིམས་སྲོལ་དོན་ཚན་བཅུ་དྲུག་སྟེ།


༡ ལྷ་དཀོན་མཆོག་གསུམ་ལ་མོས་གུས་བསྐྱེད་པ།
༢ དམ་པའི་ཆོས་བཙལ་ཞིང་བསྒྲུབ་པ།
༣ ཕ་མ་ལ་དྲིན་ལན་འཇལ་བ།
༤ ཡོན་ཏན་ཅན་ལ་ཞེ་མཐོང་ཡོད་པ།


༥ རིགས་མཐོ་བ་དང་རྒན་པར་བཀུར་སྟི་ཆེ་བ།
༦ ཡུལ་མི་ཁྱིམ་མཚེས་ལ་ཕན་འདོགས་པ།
༧ བཀའ་དྲང་ཞིང་སེམས་ཆུང་བ།
༨ ཉེ་དུ་མཛའ་བཤེས་ལ་གཞུང་རིང་བ།
༩ ཡ་རབས་ཀྱི་རྗེས་སྙེག་ཅིང་ཕྱི་ཐག་རིང་བ།
༡༠ ཟས་ནོར་ལ་ཚོད་འཛིན་པ།

༡༡ སྔར་དྲིན་ཅན་གྱི་མི་རྩད་གཅོད་པ།
༡༢ བུ་ལོན་དུས་སུ་འཇལ་ཞིང་བྲེ་སྲང་ལ་གཡོ་མེད་པ།
༡༣ ཀུན་ལ་ཕྲག་དོག་ཆུང་བ།
 ༡༤ ངན་པའི་གྲོས་ལ་མི་ཉན་ཞིང་རང་ཚུགས་འཛིན་པ།
༡༥ ངག་འཇམ་ཞིང་སྨྲ་བ་ཉུང་བ།
༡༦ ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པ་སྟེ་བཅུ་དྲུག་གོ



A few Q..དྲི་བ་འགའ།


དང་པོ།  གཤམ་གྱི་སྟོང་ཆ་བསྐོང་དགོས།
  ༡   ནང་པའི་ཆོས་ཐོག་མར་གསུང་པ་པོ་ནི་                     ཡིན་ལ་    
         སྟོན་པ་སྐུ་མྱ་ངན་ལས་འདས་ས་ནི་                        ཡིན།
  ༢   བོད་ཀྱི་རྒྱལ་པོ་དང་པོ་ནི་                          ཡིན་ལ་བོད་ཀྱི་མཁར་ 
         ཐོག་མ་ནི་                                          ཡིན།
  ༣   བོད་རིགས་ནི་ཕ་                               དང་མ་                    
                                        གཉིས་ལས་བྱུང་བ་ཡིན།


གཉིས་པ། གཤམ་གྱི་དྲི་བ་རྣམས་རིགས་འགྲེལ་དགོས།
    ༡  དཀོན་མཆོག་གསུམ་ནི་                                    བཅས་ཡིན།
   ༢   བོད་མི་གདོང་དྲུག་ནི་                                     བཅས་ཡིན།



གསུམ་པ། གཤམ་གྱི་དྲི་བ་རྣམས་ལས་དྲིས་ལན་ཀ་དང་ཁ་ ག་ ང་ གང་ཡིན་འདེམས་དགོས།    
 ༡    ལྷ་ཆོས་མི་དགེ་བ་བཅུ་ནི་  (                 )  ཡིན།
   ཀ་་་་་་སྲོག་གཅོད་པ། མ་བྱིན་ལེན་པ། མི་ཚངས་སྤྱོད་པ། རྫུན། ཕྲ་མ།   
          ཚིག་འཇམ། ངག་བཀྱལ། བརྣབ་དང་གནོད་སེམས། ལྟ་བ་ཡག་པོ།
   ཁ་་་་་བརྣབ་དང་གནོད་སེམས། ལོག་ལྟ། ངག་བཀྱལ། ཚིག་རྩུབ། རྫུན། ཕྲ་མ། སྲོག་ 
         གཅོད་པ། མ་བྱིན་ལེན་པ། མི་ཚངས་སྤྱོད་པ།
   ག་་་་་་རྫུན་དང་ཕྲ་མ། བརྣབ་སེམས།  གནོད་སེམས། སྲོག་གཅོད་པ། མི་ཚངས་སྤྱོད་པ།  
          སྤྱིན་པ་ལེན་པ། ལོག་ལྟ། ངག་བཀྱལ། ཚིག་རྩུབ།
   ང་་་་་སྲོག་གཅོད་པ། མ་བྱིན་ལེན་པ། མི་ཚངས་སྤྱོད་པ། རྫུན་དང་ཕྲ་མ། ངག་བཀྱལ།
          ཚིག་རྩུབ། གནོད་སེམས། ངག་བཀྱལ། ལོག་ལྟ།

༢    བོད་ཀྱི་རིག་གནས་ཆུང་བ་ལྔ་ནི་(         ) དང་ཆེ་བ་ལྔ་ནི་(        )ཡིན།                   
   ཀ་་་་ སྙན་ངག  མངོན་བརྗོད། སྡེབ་སྦྱོར། ལོ་རྒྱུས། སྐར་རྩིས།
   ཁ་་་་ ནང་དོན་རིག་པ། བཟོ་བ་རིག་པ། ཚད་མ་རིག་པ། སྒྲ་རིག་པ། གསོ་བ་རིག་པ།
  ག་་་་ བཟོ་བ་དང་གསོ་བ་རིག་པ། སྒྲ་དང་ཚད་མ་རིག་པ། དོན་ནང་རིག་པ།
  ང་་་་་ སྐར་རྩིས། མངོན་བརྗོད། སྡེབ་སྦྱོར། སྙན་ངག ཟློས་གར།
བཞི་བ། མིང་ཚིག་དག་འབྲི་རོགས་གནང་།
  
༡   སྔོ་ཚལ་དྲུག་གི་མིང་འབྲི་དགོས།

  
  ༢   ཤིང་ཏོག་དྲུག་གི་མིང་འབྲི་དགོས།

  
  ༣   དུག་ལོག་གམ་གྱོན་ཆས་ལྔ་ཡི་མིང་འབྲི་དགོས།

 
  ༤   སེམས་ཅན་ལྔ་ཡི་མིང་འབྲི་དགོས།


ལྔ་བ། སོ་སོའི་ཕ་མ་དང་ཡང་ན། གྲོགས་པོའམ་གྲོགས་མོ། དགེ་རྒན། སྤུན་གྲོགས་གང་རུང་ཞིག་ལ་གཏོང་ཡིག་ཞིག་འབྲི་རོགས་གནང་། ཚིག་གྲུབ་༢༠ ལས་མང་བ།

Tuesday, April 10, 2012

ཤེས་བྱ་ལ་དབྱེ་ན།


ཤེས་བྱ། ཡོད་པ། གཞལ་བྱ། གཞི་གྲུབ། ཆོས་རྣམས་དོན་གཅིག

བློ་ཡུལ་དུ་བྱ་རུང་།  ཤེས་བྱའི་མཚན་ཉིད།

ཚད་མའི་དམིགས་པ། ཡོད་པའི་མཚན་ཉིད།

ཚད་མའི་རྟོགས་པར་བྱ་བ། གཞལ་བྱའི་མཚན་ཉིད།

ཚད་མའི་གཞལ་བར་བྱ་བ། གཞི་གྲུབ་ཀྱི་མཚན་ཉིད།

རང་གི་ངོ་བོ་འཛིན་པ།  ཆོས་ཀྱི་མཚན་ཉིད།

ཤེས་བྱ་ལ་དབྱེ་ན།      རྟག་པ་དང་དངོས་པོ་གཉིས།

ཆོས་དང་སྐད་ཅིག་མ་མ་ཡིན་པའི་གཞི་མཐུན་པ་དེ། རྟག་པའི་མཚན་ཉིད།

རྟག་པ་ལ་དབྱེ་ན་གཉིས།

རྣམ་པ་ཐམས་ཅད་པའི་རྟག་པ་དང་།

རེ་འགའ་བའི་རྟག་པ་གཉིས།   མཚན་གཞི་དང་པོ་ནི། འདུས་མ་བྱས་ཀྱི་ནམ་མཁའ་ལྟ་བུ་དང།

གཉིས་པ་ནི། ཁང་པའི་ནམ་མཁའ་ལྟ་བུའོ།

དངོས་པོ་དང་། མི་རྟག་པ། འདུས་བྱས་རྣམས་དོན་གཅིག

དོན་བྱེད་ནུས་པ། དངོས་པོའི་མཚན་ཉིད།

སྐད་ཅིག་མ། མི་རྟག་པའི་མཚན་ཉིད།

རང་གི་རྒྱུད་ལས་སྐྱེ་བ།  འདུས་བྱས་ཀྱི་མཚན་ཉིད།

དངོས་པོ་ལ་དབྱེ་ན་གསུམ།

གཟུགས  ཤེས་པ  ལྡན་མིན་འདུ་བྱེད་གསུམ་ཡོད།

གཟུགས་རུང་ གཟུགས་ཀྱི་མཚན་ཉིད།

གཟུགས་ལ་དབྱེ་ན་ཕྱིའི་གཟུགས་དང་ནང་གི་གཟུགས་གཉིས།  སྐྱེས་པའི་ཤེས་རྒྱུད་ཀྱི་མ་བསྡུས་པའི་གཟུགས་དེ། ཕྱིའི་གཟུགས་ཀྱི་མཚན་ཉིད།

 ཕྱིའི་གཟུགས་ལ་དབྱེ་ན་ལྔ་ཡོད་དེ།

གཟུགས་ཀྱི་སྐྱེ་མཆེད།     སྒྲའི་སྐྱེ་མཆེད།    དྲིའི་སྐྱེ་མཆེད། རོའི་སྐྱེ་མཆེད།    རེག་བྱའི་སྐྱེ་མཆེད་ལྔ་ཡོད།

དང་པོ།  མིག་ཤེས་ཀྱི་བཟུང་བྱ་དེ།   གཟུགས་ཀྱི་སྐྱེ་མཆེད་ཀྱི་མཚན་ཉིད།  གཟུགས་ཀྱི་སྐྱེ་མཆེད་ལ་དབྱེ་ན་གཉིས།    དབྱིབས་དང་ཁ་དོག་གཉིས།

དབྱིབས་ལ་དབྱེ་ན་བརྒྱད།   རིང་པོ་དང་ཐུང་པོ།  མཐོ་བ་དང་དམའ་བ།  ལྷམ་པ་དང་ཟླུམ་པོ།  ཕྱྭ་ལེ་པ་དང་ཕྱྭ་ལེ་པ་མ་ཡིན་པ་དང་བཅས་པ་བརྒྱད།

མདོགས་སུ་རུང་བ་  ཁ་དོག་གི་མཚན་ཉིད།  ཁ་དོག་ལ་དབྱེ་ན་གཉིས།

རྩ་བའི་ཁ་དོག་དང་ཡན་ལག་གི་ཁ་དོག་གཉིས།

རྩ་བའི་ཁ་དོག་ལ་དབྱེ་ན་བཞི།   དཀར་པོ་དང་། དམར་པོ་དང་། སེར་པོ་དང་། སྔོན་པོ་བཞི་ཡོད།

ཡན་ལག་གི་ཁ་དོག་ལ་དབྱེ་ན་བརྒྱད།

སྤྲིན་དང་དུ་བ། རྡུལ་དང་ཁུག་ན། སྣང་བ་དང་མུན་པ།

གྲི་མ་དང་ཉི་མའི་འོད་ཟེར་བརྒྱད།

རྣ་ཤེས་ཀྱི་ཉན་བྱ་   སྒྲའི་སྐྱེ་མཆེད་ཀྱི་མཚན་ཉིད། སྒྲའི་སྐྱེ་མཆེད་ལ་དབྱེ་ན་གཉིས།  ཟིན་པའི་འབྱུང་བ་ལས་གྱུར་བའི་སྒྲ་དང་། མ་ཟིན་པའི་འབྱུང་བ་ལས་གྱུར་བའི་སྒྲ་གཉིས།  མཚན་གཞི་རིམ་པ་བཞིན། སྐྱེ་བོས་ཐལ་མོ་རྡབ་པའི་སྒྲ་ནི་དང་པོ་དང་།  ཆུ་སྒྲ་ལྟ་བུ་ནི་གཉིས་པའོ།

ཡང་ཟིན་མ་ཟིན་གཉིས་ཀ་ལ་ཡང་སེམས་ཅན་ལ་སྟོན་མི་སྟོན་གཉིས་གཉིས་ཡོད་པ་སོགས་ཤེས་པར་བྱའོ།

སྣ་ཤེས་ཀྱི་མྱོང་བྱ་དེ་    དྲིའི་སྐྱེ་མཆེད་ཀྱི་མཚན་ཉིད། དྲིའི་སྐྱེ་མཆེད་ལ་དབྱེ་ན་གཉིས། ལྷན་སྐྱེས་ཀྱི་དྲི་དང་། སྦྱར་བྱུང་གི་དྲི་གཉིས།   མཚན་གཞི་རིམ་པ་བཞིན།  ཙན་དན་གྱི་དྲི་ནི་དང་པོ་དང་།སྦྱར་སྤོས་ཀྱི་དྲི་ནི་གཉིས་པའོ།ཡང་ལྷན་སྐྱེས་ཀྱི་དྲི་ལ་ཞིམ་མི་ཞིམ་གཉིས་དང་སྦྱར་བྱུང་གི་དྲི་ལ་ཡང་ཞིམ་མི་ཞིམ་གཉིས་ཡོད་པ་སོགས་ཤེས་པར་བྱའོ།

ལྕེ་ཤེས་ཀྱི་མྱོང་བྱ་  རོའི་སྐྱེ་མཆེད་ཀྱི་མཚན་ཉིད། རོའི་སྐྱེ་མཆེད་ལ་དབྱེ་ན་དྲུག།   མངར་བ་དང་སྐྱུར་བ། ཁ་བ་དང་དཀའ་བ། ཚྭ་བ་དང་ལན་ཚྭ་བ་དྲུག

ལུས་ཤེས་ཀྱི་རག་བྱ་དེ་རག་བྱའི་སྐྱེ་མཆེད་ཀྱི་མཚན་ཉིད།

རེག་བྱའི་སྐྱེ་མཆེད་ལ་དབྱེ་ན་གཉིས།

འབྱུང་བར་གྱུར་བའི་རེག་བྱ་དང་།འབྱུང་འགྱུར་གྱི་རེག་བྱ་གཉིས། འབྱུང་བར་གྱུར་པའི་རེག་བྱ་ལ་དབྱེ་ན་བཞི།  ས་ཆུ་མེ་རླུང་བཞི་དང་།

འབྱུང་འགྱུར་དུ་གྱུར་བའི་རེག་བྱ་ལ་དབྱེ་ན་བདུན། འཇམ་པ་དང་རྩུབ་པ། ལྕི་བ་དང་ཡེང་བ། གྲང་བ་དང་བཀྲེས་པ། རྐོམ་པ་དང་བདུན།        སྐྱེས་བུས་ཤེས་རྒྱུད་ཀྱི་བསྡུས་པའི་གཟུགས་དེ།    ནང་གི་གཟུགས་ཀྱི་མཚན་ཉིད། ནང་གི་གཟུགས་ལ་དབྱེ་ན་ལྔ།

མིག་དབང་པོ་དང་། སྣ་དབང་པོ་དང་། རྣ་དབང་པོ་དང་།

 ལྕེ་དབང་པོ་དང་།  ལུས་དབང་པོ་ལྔ་ཡོད།

རང་འབྲས་མིག་ཤེས་ཀྱི་ཐུན་མོང་མིན་པའི་བདག་རྐྱེན་བྱེད་པའི་ཆ་ནས་བཞག་པའི་ནང་གི་གཟུགས་ཅན་དྭངས་པ་དེ་མིག་གི་དབང་པོའི་མཚན་ཉིད།

མིག་དབང་ལ་དབྱེ་ན། རྟེན་བཅས་ཀྱི་མིག་དབང་དང་། རྟེན་མཚུངས་ཀྱི་མིག་དབང་གཉིས། མཚན་གཞི་རིམ་པ་བཞིན།  གཉིད་མ་ལོག་པའི་སྐབས་ཀྱི་མིག་དབང་དེ་དང་པོ་དང་། གཉིད་ལོིག་པའི་སྐབས་ཀྱི་མིག་དབང་དེ་གཉིས་པའོ།

འདིས་དབང་པོ་ཕྱི་མ་བཞི་ལ་ཡང་རིགས་འགྲེས་ཤེས་པར་བྱའོ།

རང་འབྲས་རྣ་ཤེས་ཀྱི་ཐུན་མོང་མིན་པའི་བདག་རྐྱེན་བྱེད་པའི་ཆ་ནས་བཞག་པའི་ནང་གི་གཟུགས་ཅན་དྭངས་པ་དེ་རྣ་བའི་དབང་པོའི་མཚན་ཉིད།

རང་འབྲས་སྣ་ཤེས་ཀྱི་ཐུན་མོང་མིན་པའི་བདག་རྐྱེན་བྱེད་པའི་ཆ་ནས་བཞག་པའི་ནང་གི་གཟུགས་ཅན་དྭངས་པ་དེ་སྣའི་དབང་པོའི་མཚན་ཉིད།

རང་འབྲས་ལྕེ་ཤེས་ཀྱི་ཐུན་མོང་མིན་པའི་བདག་རྐྱེན་བྱེད་པའི་ཆ་ནས་བཞག་པའི་ནང་གི་གཟུགས་ཅན་དྭངས་པ་དེ་ལྕེའི་དབང་པོའི་མཚན་ཉིད།

རང་འབྲས་ལུས་ཤེས་ཀྱི་ཐུན་མོང་མིན་པའི་བདག་རྐྱེན་བྱེད་པའི་ཆ་ནས་བཞག་པའི་ནང་གི་གཟུགས་ཅན་དྭངས་པ་དེ་ལུས་ཀྱི་དབང་པོའི་མཚན་ཉིད།

བདེན་བཞི།


བདེན་པ་བཞི་ནི།

སྡུག་བསྔལ་བདེན་པ། ཀུན་འབྱུང་བདེན་པ། འགོག་བདེན། ལམ་བདེན་བཞི་ལ་ཟེར།

བདེན་བཞི་རེ་རེ་ལ་ཁྱད་ཆོས་བཞི་བཞི་ཡོད་པའི་དེ་ལ།

བདེན་བཞིའི་ཁྱད་ཆོས་མི་རྟག་སོགས་བཅུ་དྲུག་ཟེར།

དེ་ཡང་སྡུག་བདེན་གྱི་ཁྱད་ཆོས་བཞི་ནི།

སྡུག་བདེན་མི་རྟག་པ། སྡུག་བདེན་སྡུག་བསྔལ་བ།

སྡུག་བདེན་བདག་གི་སྟོང་པ། སྡུག་བདེན་བདག་མེད་པ།

ཀུན་འབྱུང་གི་ཁྱད་ཆོས་བཞི་ནི།

རྒྱུ། ཀུན་འབྱུང་། རྐྱེན། རབ་བྱེད།

འགོག་བདེན་གྱི་ཁྱད་ཆོས་བཞི་ནི།   འགོག་པ། ཞི་བ། གྱ་ནོམ། ངེས་འབྱུང་།                                                                       ལམ་བདེན་གྱི་ཁྱད་ཆོས་བཞི་ནི།         ལམ། རིག་པ།  སྒྲུབ་པ།  ངེས་འབྱེད། དེ་བཅུ་དྲུག་རྟོགས་པའི་མཐོང་ལམ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ནི།                           སྡུག་བསྔལ་ཆོས་བཟོད།    སྡུག་བསྔལ་ཆོས་ཤེས།  སྡུག་བསྔལ་རྗེས་བཟོད།    སྡུག་བསྔལ་རྗེས་ཤེས། དེ་བཞིན་དུ་ཀུན་འབྱུང་དང་། འགོག་པ་དང་།       ལམ་ལ་ཡང་བཞི་བཞི་སྦྱོར་བར་བྱའོ།

 སྟོབས་བཞི།

རྣམ་པར་ཟུན་འབྱིན་པའི་སྟོབས།

རྟེན་གྱི་སྟོབས།

གཉེན་པོ་ཀུན་སྦྱོར་བའི་སྟོབས།

ཉེ་བ་ལས་སླར་ཟློག་པའི་སྟོབས།

ནག་པོ་ཆོས་བཞི།

མཁན་པོ་དང་སློབ་དཔོན་སོགས་ལ་རྫུན་གྱི་བསླུ་བ།

དགེ་བ་བྱས་པ་ལ་འགྱོད་པ་སྐྱེས་པ།

སེམས་བསྐྱེད་པའི་གང་ཟག་ལ་མི་སྙན་པ།

འགྲོ་བ་གང་ཡང་རུང་བ་ཞིག་གཡོ་སྒྱུ་སྤྱོད་པ།

དཀར་བོ་བཞི།

སྲོག་གི་ཕྱིར་བླ་མ་ལ་མི་སློབ་པ།

རང་གི་ཐག་པ་ཆེན་པོ་ཆོས་ཉམས་སུ་ལེན་པ་དེ་བཞིན་དུ་

གདུལ་བྱ་ཐག་ཆེན་ལ་སྦྱོར་བ།

བྱང་སེམས་ལ་སྟོན་པའི་འདུ་ཤེས་སྐྱེས་པ།

སེམས་ཅན་ལ་ལྷག་པའི་བསམ་པའི་ཕན་བདེ་སྒྲུབ་པ།








ཤེས་རིག


ཤེས་པ་དང་བློ་དང་རིག་པ་གསུམ་དོན་གཅིག།

ཤེས་པ་ལ་དབྱེ་ན་ཚད་མ་དང་ཚད་མིན་གཉིས།

གསར་དུ་མི་སླུ་པའི་རིག་པ་  ཚད་མའི་མཚན་ཉིད།

ཚད་མ་ལ་དབྱེ་ན་གཉིས།   མངོན་སུམ་ཚད་མ་དང་། རྗེས་དཔག་གི་ཚད་མ་གཉིས།

རྟག་པ་དང་བྲལ་ཞིང་གསལ་དུ་མི་སློབ་པའི་རིག་པ་དེ་མངོན་སུམ་ཚད་མའི་རིག་པ།     དེ་ལ་དབྱེ་ན་གསུམ།

དབང་པོ་མངོན་སུམ་ཚད་མ་དང། རྣམ་འབྱོལ་མངོན་སུམ་ཚད་མ།

རང་རིག་མངོན་སུམ་ཚད་མ་དང་གསུམ་ཡོད།

རྗེས་དཔག་ཚད་མའི་མཚན་ཉིད།  གསར་དུ་མི་སློབ་པའི་རིག་པ་གང་ཞིག་  སྒྲ་དོན་འབྲེལ་རུང་དུ་འཛིན་པའི་ཞེན་རིག

ཚད་མེད་ལ་དབྱེ་ན་བཅད་ཤེས་དང་སྣང་ལ་མ་ངེས་པ་སོགས་མང་ངོ་།

རྟོགས་ཟིན་རྟོགས་པའི་རིག་པ་དེ་བཅད་ཤེས་ཀྱི་མཚན་ཉིད། མཚན་གཞི་ནི། ཡིད་རྟོགས་པའི་སྔོན་འཛིན་མིག་ཤེས་སྐར་ཅིག་གཉིས་པ་ལྟ་བུའོ།

ཡང་ཤེས་པ་ལ་དབྱེ་ན། སེམས་དང་སེམས་བྱུང་གཉིས།

སེམས་ལ་དབྱེ་ན་དྲུག

མིག་གི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དྲུག་ཡོད།

སེམས་བྱུང་ལ་དབྱེ་ལྔ་བཅུ་ལྔ་གཅིག་ཡོད་དེ།

ཀུན་འགྲོ་ལྔ། ཡིད་ངེས་ལྔ། རྩ་ཉོན་དྲུག ཉེ་ཉོན་ཉི་ཤུ། དགེ་བ་བཅུ་གཅིག། གཞན་འགྱུར་བཞི།

ལྡན་མིན་འདུ་བྱེད་ལ་དབྱེ་ན་གཉིས།

གང་ཟག་ཡིན་པར་གྱུར་པའི་ལྡན་མིན་འདུ་བྱེད་དང་། གང་ཟག་མ་ཡིན་པར་གྱུར་པའི་ལྡན་མིན་འདུ་བྱེད་གཉིས་ཡོད། མཚན་གཞི་རིམ་པ་བཞིན།

འགྲོ་བ་རིགས་དྲུག་དང་པོ།  གཟུགས་མི་རྟག་དང་ཤེས་པ་མི་རྟག་པ་གཉིས་པ།

གཉིས་པ་འདི་ལ་གཟུགས་མི་རྟག་པ་ཤེས་པ་མི་རྟག་པ་ཞེས་རང་ལྡོག་ནས་འཇོག་པ་མ་གཏོགས་གཟུགས་མི་རྟག་ཡིན་ན་སྲོག་དང་མི་ལྡན་པའི་ལྡན་མིན་འདུ་བྱེད་ཡིན་པའི་ངེས་པ་མེད།

ཡང་ཤེས་བྱ་ལ་དབྱེ་ན་བདེན་པ་གཉིས།

ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་གཉིས།

རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་མཚན་མའི་གཉིས་སྣང་དང་བཅས་པའི་ཚུལ་གྱི་རྟོགས་པར་བྱ་བ་དེ་ཀུན་རྫོབ་བདེན་པའི་མཚན་ཉིད། མཚན་གཞི།

དོན་དམ་བདེན་པ་མ་ཡིན་པའི་ཡོད་པ་ཐམས་ཅད་ཀུན་རྫོབ་བདེན་པ་ཡིན།

རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་མཚན་མའི་གཉིས་སྣང་ནུབ་པའི་ཚུལ་གྱི་རྟོགས་པར་བྱ་བ་དེ་དོན་ལྡན་བདེན་པའི་མཚན་ཉིད།  མཚན་གཞི།

ཀུན་རྫོབ་བདེན་པ་མ་ཡིན་པའི་ཡོད་པ་ཐམས་ཅད་དོན་དམ་བདེན་པ་ཡིན།

ཡང་དོན་ལྡན་བདེན་པ་ལ་དབྱེ་ན།

སྟོང་ཉིད་བཅུ་དྲུག་ཡོད།

ཕྱི་སྟོང་པ་ཉིད། ནང་སྟོང་པ་ཉིད། ཕྱི་ནང་སྟོང་པ་ཉིད།

སྟོང་པ་ཉིད་སྟོང་པ་ཉིད། དོན་དམ་པ་སྟོང་པ་ཉིད།

ཆེན་པོ་སྟོང་པ་ཉིད། འདུས་བྱས་སྟོང་པ་ཉིད།

འདུས་མ་བྱས་སྟོང་པ་ཉིད། མཐའ་ལས་འདས་པ་སྟོང་པ་ཉིད། ཐོག་མ་དང་མཐའ་མ་མེད་པའི་སྟོང་པ་ཉིད།

དོར་བ་མེད་པ་སྟོང་པ་ཉིད། རང་གཞན་སྟོང་པ་ཉིད།

རང་གི་མཚན་ཉིེད་སྟོང་པ་ཉིད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད།

བཅོ་བརྒྱད་བགྲང་ན།

དངོས་པོ་མེད་པ་སྟོང་པ་ཉིད། ངོ་བོ་ཉིད་སྟོང་པ་ཉིད།
དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཞེས་སྟོང་ཉིད་བཅུ་དྲུག་གི་མཐའ་མ་བཅུ་དྲུག་པ་ལ་གསུམ་དུ་བྱེད་ནས་བགྲང་ན་བཅོ་བརྒྱད་ཡིན་པ་ཤེས་པར་བྱའོ།

Monday, April 9, 2012

བདེན་བཞིའི་ཁྱད་ཆོས་མི་རྟག་སོགས་16


བདེན་བཞིའི་ཁྱད་ཆོས་མི་རྟག་སོགས་བཅུ་དྲུག་ཟེར།

དེ་ཡང་སྡུག་བདེན་གྱི་ཁྱད་ཆོས་བཞི་ནི།

སྡུག་བདེན་མི་རྟག་པ། སྡུག་བདེན་སྡུག་བསྔལ་བ།
སྡུག་བདེན་བདག་གི་སྟོང་པ། སྡུག་བདེན་བདག་མེད་པ།

ཀུན་འབྱུང་གི་ཁྱད་ཆོས་བཞི་ནི།

རྒྱུ། ཀུན་འབྱུང་། རྐྱེན། རབ་བྱེད།

འགོག་བདེན་གྱི་ཁྱད་ཆོས་བཞི་ནི།  

 འགོག་པ། ཞི་བ། གྱ་ནོམ། ངེས་འབྱུང་།                                                                       

ལམ་བདེན་གྱི་ཁྱད་ཆོས་བཞི་ནི།         
ལམ། རིག་པ།  སྒྲུབ་པ།  ངེས་འབྱེད། 


དེ་བཅུ་དྲུག་རྟོགས་པའི་མཐོང་ལམ་ཤེས་བཟོད་སྐད་ཅིག་མ་བཅུ་དྲུག་ནི། 

    སྡུག་བསྔལ་ཆོས་བཟོད།    སྡུག་བསྔལ་ཆོས་ཤེས།  སྡུག་བསྔལ་རྗེས་བཟོད།    
       སྡུག་བསྔལ་རྗེས་ཤེས། 

དེ་བཞིན་དུ་ཀུན་འབྱུང་དང་། འགོག་པ་དང་།       ལམ་ལ་ཡང་བཞི་བཞི་སྦྱོར་བར་བྱའོ།

འབྲི་ཀློག


༡ གསལ་བྱེད་སུམ་ཅུ་ཐམ་པ་འབྲི་རོགས་གནང་།






༢ དབྱངས་ཡིག་བཞི་བོ་འབྲི་རོགས་གནང་།




༣ མགོ་ཅན་གསུམ་ནི་ར་མགོ་དང་ལ་མགོ་ ས་མགོ་བཅས་ཡིན། དེ་ལས་

ར་མགོ་བཅུ་གཉིས་ནི་



ལ་མགོ་བཅུ་ནི་



ས་མགོ་བཅུ་གཅིག་ནི་



༤ འདོགས་ཅན་བཞི་ནི་ཡ་་ར་་ལ་་ལྦ་་འདོགས་བཞི་ཡིན།

ཡ་བཏགས་བརྒྱད་ནི་



ར་བཏགས་བཅུ་གསུམ་ནི་



ལ་བཏགས་དྲུག་ནི་


ལྦ་ཟུར་བཅུ་གསུམ་ནི་



༥ ལེགས་སྦྱར་གྱི་ཡི་གེ་ཁག་ནི་

ཊ་ལོག་དྲུག་ནི་་་་ ཊ་ ཋ་ ཌ་ ཎ་ ཥ་ ཀྵ་ བཅས་ཡིན།

མཐུག་པོ་ལྔ་ནི་་་ གྷ་ དྷ་ བྷ་ ཛྷ་ བྷ་ བཅས་ཡིན།



༦ སྔོན་འཇུག་ལྔ་བོ་འབྲི་རོགས་གནང་།


༧ རྗེས་འཇུག་བཅུ་གང་དག་ཡིན།



༨ ཡང་འཇུག་གཉིས་གང་ཡིན།



༩ དཀོན་མཆོག་གསུམ་གང་ཡིན་འབྲི་དགོས།



༡༠ རེས་གཟའ་བདུན་གང་ཡིན་འབྲི་རོགས་གནང་།





༡༡ ནང་པའི་ཆོས་ཀྱི་འབྱུང་ཁུངས་ནི་               ཡིན།

     ཀ་་་དགེ་འདུན།      ཁ་་་བླ་མ།       ག་་་་སངས་རྒྱས།    ང་་་་སློབ་དཔོན། 


༡༢  སངས་རྒྱས་ཤྰཀྱ་ཐུབ་པ་སྐུ་འཁྲུངས་ས་ནི་            རེད།

   ཀ་་་་རྡོ་རྗེ་གདན།        ཁ་་་་་ལྷ་ས།      ག་་་་་ལྦ་ར་ན་སི།    ང་་་་་་ལི་འབུམ་ནེའུ།


༡༣  བོད་ཀྱི་རྒྱལ་ས་ནི་                     ཡིན།
 
  ཀ་་་་རྡ་རམ་ས་ལ།   ཁ་་་་་ལྷ་ས།    ག་་་་་་ལྡི་ལི།     ང་་་་་ལྦ་ཤིན་ཏོན།

༡༤    བོད་ཀྱི་རྒྱལ་རབས་མདོར་བསྡུས།


བོད་དུ་མི་དང་པོ་བྱུང་ས་ནི་ ཡིན། བོད་དུ་ཞིང་གི་དང་པོ་ ཡིན།



ཕ་བྱང་སེམས་སྤྲེའུ་དང་མ་བྲག་སྲིན་གཉིས་ལས་ བྱུང་།