Friday, May 18, 2012

ས་ག་ཟླ་བའི་གསུང་ཆོས།


ཕྱི་ལོ་༢༠༡༢་ལོའི་བོད་ས་ག་ཟླ་བའི་ཚེས་ ༡ ནས་ ༡༥ བར་གྱི་ 
           སྔ་དྲོའི་མཛད་རིམ་མདོར་བསྡུས།
 གཤམ་གསལ།


May/ 20 -25 Sunday-Friday
                     ཤེས་རབ་སྙིང་པོ་ལ་འགྲེལ་བཤད་མདོར་བསྡུས།
May/26     Saturday
                    བྱང་ཆུབ་སེམས་ཀྱི་སྨན་ངག་བདག་གཞན་མཉམ་བརྗེ་སྒོམ་ཚུལ།
May/27   Sunday
                  གོང་ས་༧་སྐྱབས་མགོན་རྒྱལ་བའི་དབང་པོ་དང་སྤྱན་རས་
                  གཟིགས་ངོ་བོ་དབྱེར་མེད་ཀྱི་བླ་མའི་རྣལ་འབྱོར་གྱི་སྒོམ།
May/28 –June/1   Monday -Friday
                  སྤྱོད་འཇུག་ཆེན་མོ་འགྲེལ་བ་ལྷག་མ་གང་ཚར་བྱེད་ཀྱི།


June/2    Saturday
                 ལམ་གཙོ་རྣམ་གསུམ་ལ་འགྲེལ་བཤད།

June/3  Sunday
                རྗེ་རིན་པོ་ཆེ་ལ་བརྟེན་པའི་མདོ་སྔགས་ཟབ་ལམ་བླ་མའི་རྣལ་
                འབྱོར་གྱི་སྒོམ།

June/4 Monday
            བཅོམ་ལྡན་འདས་མངོན་པར་རྫོགས་པའི་སངས་རྒྱས་པའི་དུས་ཆེན་
            ཁྱབ་པར་ཅན་གྱི་ཉིན་སྔ་དྲོ།   དེ་ནས་ སྟོན་པ་ཐུབ་པའི་དབང་བོ་སྐུའི་
           མདུན་ནས་སེམས་བསྐྱེད་ཆོ་གའི་སྒོ་ནས་བླངས་ཏེ་མཇུག་ཏུ་བླ་མ་
           མཆོད་པའི་ཚོགས་བསྔོ་བ་དང་བཅས་རྣམ་དཀར་དགེ་བའི་ལས་
           མཚམས་རེ་ཞིག་མཇུག་བསྡུར་རྒྱུ་བཅས་འདི་གར་ནུབ་བྱང་བོད་རིགས་
           ཚོགས་པ་ནས་སོ།
                 གཞན་ཡང་།

ནང་པ་སངས་རྒྱས་པའི་གྲུབ་མཐའ་སྨྲ་བ་བཞིའི་གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་དང་། ནང་པའི་གྲུབ་མཐའ་གོང་འོག་གི་བདེན་གཉིས་བདེན་བཞི་སོགས་ཇི་ལྟར་འཇོག་པའི་ཚུལ་གསལ་བར་བཤད་པ། མདོར་ན་ནང་པའི་བལྟ་སྤྱོད་ཀུན་གྱི་གནད་ཚང་བའི་གྲུབ་མཐའ་རིན་ཆེན་ཕྲེང་བ་ཞེས་བྱ་བ་འདི་ནི་ཚིག་ཉུང་ཤིང་དོན་རྒྱས་ལ་གོ་ཡང་བདེ་བའི་ལེགས་བཤད་ངོ་མཚར་བ་ཞིག་ཡིན།
དེའི་ཕྱིར་དེ་སྔོན་ཚོགས་པའི་གོ་སྒྲིག་ཐོག་ལྷ་རམས་པ་བཀྲ་ཤིས་རྒྱ་མཚོས་འདི་གར་བོད་ཁང་དུ་ཕྱག་དཔེ་དེ་ཉིད་འཁྲིད་པ་བཞིན་ད་ལམ་ཡང་
རེས་གཟའ་མིག་དམར་དང་། པ་སངས། སྤེན་པ་བཅས་ཀྱི་དགོང་དྲོ་ཕྱག་ཚོད༥ ནས་༩་བར་ཏུ་ཕྱག་དཔེ་དེ་ཉིད་འཁྲིད་ཀྱི་ཡིན་པས་གཞུང་དེ་སྦྱངས་བར་འདོད་པའི་བློ་ལྡན་དོན་གཉེར་ཅན་སུ་ཡིན་ཡང་ཕེབས་པར་དགའ་བསུ་ཡོད། 
Tuesday, Friday and Saturday (5pm-9pam)