Sunday, January 2, 2011

35 Questions!! དྲི་བ་༣༥ པའི་ ནང་ལས་གསར་བ།

༡  ལྷ་ས་ནི་                ཞིག་ཡིན།
༢  ལྷ་ས་ནི་མི་ལོ་                      ལྷག་གི་ལོ་རྒྱུས་ཡོད།
༣  གྲོང་ཁྱེར་དེའི་གཙོ་བོ་ཕོ་བྲང་ནི་                         ཡིན།
༤  གྲོང་ཁྱེར་དེའི་གཙུག་ལག་ཁང་གཉིས་ནི་                   དང་              ཡིན།
༥  དཀོན་མཆོག་གསུམ་ནི་
༦  བོད་ཀྱི་རྒྱལ་པོ་དང་པོ་ནི་                       ཡིན།
༧  ནང་པའི་ཆོས་ཐོག་མར་གསུང་པ་པོ་ནི་                       ཡིན།
༨  ནང་པའི་ཆོས་ཀྱི་འབྱུང་ཁུངས་ནི་                          ཡིན།
༩  བདག་ཅག་གི་སྟོན་པ་སངས་རྒྱས་ས་ནི་                     ཡིན།
༡༠  སྟོན་པ་སྐུ་འཁྲུངས་ས་ནི་                             ཡིན།
༡༡  སངས་རྒྱས་སྐུ་མྱ་ངན་ལས་འདས་ས་ནི་                  ཡིན།
༡༢  གཞོན་ནུ་དོན་འགྲུབ་ནི་སངས་རྒྱས་ཀྱི་                རེད།
༡༣  ལྷ་མོ་དོན་འགྲུབ་ནི་                            མཚན་རེད།
༡༤  བོད་མི་དང་པོ་བྱུང་ས་ནི་                        རེད།
༡༥  བོད་མི་གདོང་དྲུག་ནི་                                              དག་ཡིན།
༡༦  བོད་ཀྱི་མཁར་ཐོག་མ་ནི་                               ཡིན།
༡༧  བོད་ཀྱི་གདན་ས་གསུམ་ནི་                                          སོགས་ཡིན།
༡༨  བོད་རིགས་ནི་ཕ་                       དང་མ་                  གཉིས་ལས་བྱུང་།
༡༩  སྡེ་སྣོད་གསུམ་ནི་                                              དག་ཡིན།
༢༠  བཀའ་བསྡུ་གསུམ་བྱུང་བ་ནི་                                          དག་ཡིན།
༢༡  ལྷ་ཆོས་དགེ་བ་བཅུ་ནི་ལས་   ལུས་ཀྱི་གསུམ་ནི་
                               ངག་གི་བཞི་ནི་
                               ཡིད་ཀྱི་གསུམ་ནི་                         བཅས་ཡིན།
༢༢  བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་ནི་                                     དག་ཡིན།
༢༣  བོད་ཀྱི་རིག་གནས་ཆེ་བ་ལྔ་ནི་                                          ཡིན།
༢༤  བོད་ཀྱི་རིག་གནས་ཆུང་བ་ལྔ་ནི་                                        ཡིན།
༢༥  སེམས་ཅན་༡༥ ཡི་མིང་འབྲི་རོགས་གནང་།


༢༦   ཤིང་ཏོག་༡༠ཡི་མིང་འབྲི་རོགས་གནང་།

༢༧  སྔོ་ཚལ་༡༠ ཡི་མིང་འབྲི་རོགས་གནང་།

༢༨  དུག་ལོག་གམ་གྱོན་ཆས་༥་ཡི་མིང་འབྲི་རོགས་གནང་།

༢༩  རྣམ་དབྱེ་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་དཔེར་བརྗོད་འབྲི་རོགས་གནང་།

༣༠ བོད་ཡིག་གསར་དུ་བཟོ་མཁན་སུ་རེད།
༣༡ བོད་ཡིག་གསར་དུ་བཟོས་ནས་ད་ལྟ་བར་མི་ལོ་ག་ཚོད་ཕྱིན་པ་རེད།
༣༢ རྒྱལ་པོ་སུའི་སྐབས་སུ་བོད་ཡིག་བཟོས་པ་རེད།
༣༣ བོད་ཡིག་དཔེར་གང་ལ་བཞག་ནས་བཟོ་གནང་པ་རེད།
༣༤ ང་ཚོའི་བོད་པའི་དཔེ་ཆོས་ནང་དུ་ཐོག་མར་རྒྱ་གར་གྱི་སང་ཊྲི་ཏའི་སྐད་བཞག་དགོས་པའི་རྒྱུ་མཚན་ག་རེ་རེད།

༣༥  ཐོན་མི་སམ་བྷོ་ཊ་ཟེར་བའི་དོན་དག་ག་རེ་རེད།

༣༥  གཏོང་ཡིག་ཅིག་སོ་སོའི་ཕ་མ་ཡིན་ན་རེད། གྲོགས་པོ་ཡང་ན་གྲོགས་མོ། དགེ་རྒན། སོ་སོའི་སྤུན་གྲོགས་གང་ཡང་རུང་བ་ཞིག་ལ་འབྲི་རོགས་གནང་། ཚིག་གྲུབ་༢༠ ལས་མང་བ་འབྲི་རོགས་གནང་།

15 comments:

  1. གང་ཡོད་འབྲི་བཞིན་ཡོད་།

    ReplyDelete
  2. སྦྲ་གུར་ནི་ངའི་ཕ་་མའི་འཚར་ས་དང་ང་རང་གི་མི་ཚེ་ཡིན་པས་དེ་ལ་དུང་ཤིང་དེ་ལ་བརྩེ།
    ནོར་ལུག་ནི་མཐོ་སྒང་གི་གཡང་རྟེན་ཡིན་པས་ཅིས་ཀྱང་བྲལ་ཐབས་མེད།
    རྩ་ཐང་ནི་གོ་ལ་འདིའི་སྟེང་གི་ཁྱིམ་གཞི་གསར་བ་བཛུགས་མཁན་གྱི་རྟེན་འབྲེལ་ཡིན་པས།
    ངའི་མེས་པོ་ཚོར་ས་འདི་ནས་འཚར་ལ་ས་འདི་ནས་ནར་དུ་བྱུང་།
    ཨེ་མ། རྩ་ཐང་ལགས་ ངའི་བོད་པའི་ཕ་ས།
    ཁྱེད་ལ་དུངས་ཤིང་ཁྱེད་ཉིད་དྲན།

    ReplyDelete
  3. Don't simply believe what i say without question, but use it as a basic for personal reflection and, in that way, develop your understanding of the Dharma.
    Kudon.

    ReplyDelete
  4. འཆི་མེད་རིག་འཛིན་ཞོལ་བླ་January 4, 2011 at 8:25 PM

    སྙན་གྲགས་ཅན་གྱི་རྒྱལ་པོ་

    སློབ་དཔོན་ གཙུག་ལག་ཁང་ ཁྱིམ་མཚེས་ ལེགས་བཅོས་ བཙུན་མོ་ སྲས་མོ་ ཕམ་ཉེས་ དམག་འཁྲུག་ བློ་ཁོག་ ཞེ་སྣང་ དམག་བྱུས་


    ཆོས་རྒྱལ་སྲོང་བཙན་སྒམ་པོ་ནི་བོད་ཀྱི་བཙན་པོ་ཞིག་
    རེད་ ཁོང་གིས་བོད་ཡུལ་ཚང་མ་རྒྱལ་ཁབ་གཅིག་ཏུ་བསྒྲིལ་
    གནང་བ་རེད་ བོད་ཡིག་འདི་ཡང་ཁོང་གི་སྐུ་དུས་སུ་གསར་དུ་བཟོས་
    གནང་བ་རེད་ དེ་དུས་ནས་རྒྱ་མི་དང་བོད་གཉིས་རྒྱལ་ཁབ་འདྲ་མཉམ་རེད་ བོད་པས་རྒྱ་མི་དང་དམག་བརྒྱབས་ནས་རྒྱ་དམག་ཚོར་
    ཕམ་ཉེས་ཆེན་པོ་བྱུང་ཡོད་ བོད་ཀྱི་དམག་ཤུགས་ལ་རྒྱ་དམག་རྣམས་ཞེད་སྣང་བྱེད་
    ཀྱི་ཡོད་རེད་ རྒྱ་ནག་གི་རྒྱལ་པོའི་སྲས་མོ་ཀོང་ཇོ་ཡང་སྲོང་བཙན་གྱི་ བཙུན་མོར་བཞེས་པ་རེད་ དེའི་གོང་ལ་བལ་ཡུལ་རྒྱལ་པོའི་སྲས་མོ་ཁྲི་བཙུན་ཡང་
    སྲོང་བཙན་གྱི་བཙུན་མོར་བཞེས་པ་རེད་ ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བཞེངས་།

    ReplyDelete
  5. འཆི་མེད་རིག་འཛིན་ཞོལ་བླ་January 4, 2011 at 9:03 PM

    དེ་རྗེས་བོད་ལ་རྒྱལ་པོ་ཁྲི་སྲོང་ལྟེའུ་བཙན་བྱོན་ ཁོང་གི་དུས་སུ་ཡང་རྒྱ་ནག་དང་དམག་འཁྲུག་བྱུང་ཡོད་ རྒྱལ་པོ་དེས་རྒྱ་གར་ནས་སློབ་དཔོན་པད་མ་འབྱུང་གནས་དང་ མཁན་ཆེན་ཞི་བ་འཚོ་གདན་དྲངས་པ་དང་ བསམ་ཡས་གཙུག་ལག་ཁང་བཞེངས་པ་ བོད་དུ་དགེ་འདུན་གྱི་སྡེ་ ཐོག་མར་བཙུགས་པ་བཅས་གནང་ཡོད།
    དེ་རྗེས་རྒྱལ་པོ་ཁྲི་རལ་པ་ཅན་བྱོན་ དེའི་སྐབས་བོད་དང་རྒྱ་ནག་གི་ས་མཚམས་གཏན་འབེབས་གནང་ ཁོང་གིས་ཁྱིམ་མཚེས་རྒྱལ་ཁབ་ཚོ་དང་འབྲེལ་བ་སྔར་ལས་ལྷག་པ་གནང་བ་དང་ བོད་ཀྱི་ཡི་གེར་ལེགས་བཅོས་མཛད་ རྒྱལ་པོ་འདི་གསུམ་ལ་ཆོས་རྒྱལ་མེས་དབོན་རྣམ་གསུམ་ཞུ་བ་རེད་ རྒྱལ་པོ་འདི་རྣམས་དཔའ་བློ་ཁོག་ཆེན་པོ་དང་དམག་བྱུས་ལ་མཁས་པ་ཤ་སྟག་བྱུང་བ་རེད།

    ReplyDelete
  6. འཆི་མེད་ལགས་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ང་ཚོ་གངས་ཅན་གྱི་ཡུལ་འདིར་སྙན་གྲགས་ཆེ་བའི་རྒྱལ་བོ་འདི་འདྲ་བྱུང་ཁྱེད་རང་དང་ཁྱེད་ཉིད་འདྲ་བ་དག་གིས་རྗེས་སུ་ཡིད་རངས་དང་གདེང་འཇོག་བྱེད་པ་ལ་སྙིང་ཐག་པ་ནས་དགའ་འོས་པ་ཞིག་རེད། འཆི་མེད་ལགས། མུ་མཐུད་ནས་རྩོམ་ཐུང་དང་གཞས་སྣ་སོགས་སྤེལ་རོགས་གནང་ཞེས་འབོད་སྐུལ་བྱེད་བཞིན་ཡོད། བཀྲ་ཤིས་དོན་འགྲུབ།

    ReplyDelete
  7. འཆི་མིད་རིག་འཛིན་ཞོལ་བླ་January 5, 2011 at 8:03 PM

    བོད་ཡུལ་དྲན་གླུ་

    འཛམ་གླིང་ས་ཡི་ཡང་ཐོག་ཏུ།།
    གཅེས་པའི་བོད་ཀྱི་ཡུལ་དེ་ཡོད།།
    མཐར་ནི་རི་བོ་སྣ་ཚོག་དང།།
    དཀར་མཛེས་གངས་རི་མང་པོས་བསྐོར།།
    སྔོ་ལྗང་ཆུ་ཀླང་ཆེན་པོ་འབབ།།
    མཚོ་ཆུ་ རྫིང་བུའི་ཉ་རྣམས་དང།།
    བྱ་བྱིའུ་རི་དྭགས་ཤ་བ་དང།།
    སྟག་གཟིག་དོམ་དྲེད་ཝ་མོ་སོགས།།
    རང་དབང་དགའ་བདེའི་དཔལ་ལ་གནས།།
    གསེར་དངུལ་རིན་ཆེན་གཏེར་གྱིས་གང།།

    ReplyDelete
  8. Whether or not you understand profound ideas, it is important to be a good person wherever you are right now. Kundon

    ReplyDelete
  9. གངས་ཅན་ཁ་བའི་ལྗོངས་་སུ། སློབ་དཔོན་ཐོན་མི་སམ་བྷོ་ཊ་འཁྲུངས། རིག་གནས་ཀུན་གྱི་སྒྲོན་མེ་དགོངས་ལ་འཕྱོར།
    བོད་ཡུལ་ཤེས་བྱའི་གནས་ལ་དྲངས།

    ReplyDelete
  10. Happy Birthday T Nordon

    ReplyDelete
  11. དེ་རྗེས་བོད་ལ་རྒྱལ་པོ་ཁྲི་སྲོང་ལྟེའུ་བཙན་བྱོན་ ཁོང་གི་དུས་སུ་ཡང་རྒྱ་ནག་དང་དམག་འཁྲུག་བྱུང་ཡོད་ རྒྱལ་པོ་དེས་རྒྱ་གར་ནས་སློབ་དཔོན་པད་མ་འབྱུང་གནས་དང་ མཁན་ཆེན་ཞི་བ་འཚོ་གདན་དྲངས་པ་དང་ བསམ་ཡས་གཙུག་ལག་ཁང་བཞེངས་པ་ བོད་དུ་དགེ་འདུན་གྱི་སྡེ་ ཐོག་མར་བཙུགས་པ་བཅས་གནང་ཡོད།
    དེ་རྗེས་རྒྱལ་ པོ་ཁྲི་རལ་པ་ཅན་བྱོན་ དེའི་སྐབས་བོད་དང་རྒྱ་ནག་གི་ས་མཚམས་གཏན་འབེབས་གནང་ ཁོང་གིས་ཁྱིམ་མཚེས་རྒྱལ་ཁབ་ཚོ་དང་འབྲེལ་བ་སྔར་ལས་ལྷག་པ་གནང་བ་དང་ བོད་ཀྱི་ཡི་གེར་ལེགས་བཅོས་མཛད་ རྒྱལ་པོ་འདི་གསུམ་ལ་ཆོས་རྒྱལ་མེས་དབོན་རྣམ་གསུམ་ཞུ་བ་རེད་ རྒྱལ་པོ་འདི་རྣམས་དཔའ་བློ་ཁོག་ཆེན་པོ་དང་དམག་བྱུས་ལ་མཁས་པ་ཤ་སྟག་བྱུང་བ་ རེད།



    now everyone copy and paste this!!!!!!!!! hahahhaahahhaahhahahahaaaa sukkaaaaaa

    ReplyDelete
  12. GYENLA Choeden just called everyone a sukka.
    it means a bad word in russianeese

    ReplyDelete
  13. ILOVE CANDY! O:) HI GENLA I AM SRRY BUT I M REALLY HAVING A HARD TIME WITH ALL THE 35 QUESTIONS... I DNT GET WAT IM SUPPOSED TO WRITE IN THE BLANK SPOTS .... SRRY AGAIN FOR BEING A BOTHER, THIS IS JUS KINDA HARD FOR ME... PLEASE HELP!!


    LHANZE <3 8) O:◘◘◘◘◘♦♦☻☻☻♥♥♥♥♥☺☺

    ReplyDelete
  14. ༡༢ གཞོན་ནུ་དོན་འགྲུབ་ནི་སངས་རྒྱས་ཀྱི་མཚན་རེད་།
    ༡༣ ལྷ་མོ་དོན་འགྲུབ་ནི་གོང་ས་མཆོག་གི་མཚན་རེད་།
    ༡༤ བོད་མི་དང་བོ་བྱུང་ས་ནི་ཡུལ་ཡར་ཀླུང་རེད་།
    ༡༥ བོད་མི་གདོང་དྲུག་ནི་ སེ། རྨུ་། སྡོང་། སྟོང་། བྲུ། དབྲུ།
    ༡༦ བོད་ཀྱི་མཁར་ཐོག་མ་ནི་ཡུམ་བུ་བླ་སྒང་ཡིན།
    ༡༧ བོད་ཀྱི་གདན་ས་གསུམ་ནི་ སེ་ར། འབྲས་སྤུངས། དགའ་ལྡན། སོགས་ཡིན།
    ༡༨ བོད་རིགས་ནི་ཕ་སྒེའུ་བྱང་ཆུབ་སེམས་དང་མ་བྲག་སྲིན་མོ་གཉིས་ལས་བྱུང་།
    ༡༩ སྡེ་སྣོད་གསུམ་ནི་ འདུལ་བའི་ མངོན་པའི་ མདོ་སྡེ་དག་ཡིན།
    ༢༠ བཀའ་བསྡུ་གསུམ་བྱུང་བ་ནི་ རྒྱལ་པོའི་ཁབ་ ཡུལ་ཡངས་པ་ཅན་ ཛ་ལན་དྷ་ར་དག་ཡིན།
    ༢༡ ལྷ་ཆོསདགེ་བ་བཅུ་ནི་ལས་
    ལུས་ཀྱི་གསུམ་ནི་ སྲོག་གཅོད་པ། མབྱིན་ལེན་པ་། མི་ཚངས་སྤྱོད་པ་།
    ངག་གི་བཞི་ནི་ རྫུན། ཕྲ་མ། ཚིག་རྕུབ། ངག་བཀྱལ་
    ཡིད་ཀྱི་གསུམ་ནི་ བརྣབ་སེམས། གནོད་སེམས་། ལོག་ལྟ།

    ReplyDelete