Friday, January 28, 2011

སློབ་ཕྲུག་ཡ་རབས་ཀྱི་བྱེད་སྒོ

༡  ཞོགས་ལྟར་སྔ་པོ་ལངས་དགོས།

༢ སྔ་དགོང་གཉིས་ལ་སོ་གཙང་མ་བཀྲུ་དགོས།

༣ ཉིན་ལྟར་ལུས་རྩལ་སྦྱོང་དགོས།

༤ ཁ་ལུད་དང་། སྣབས་ལུད་གང་བྱུང་གཡུག་མི་རུང་།

༥ གོས་དང་། ལུས་པོ་ཡང་ཡང་བཀྲུ་དགོས།

༦ ལག་པ་བཙོག་པས་ཟས་ལ་འཇུ་མི་རུང་།

༧ ཉིན་ལྟར་འཛིན་གྲྭར་རྗེས་ལུས་མ་ཐེབས་པར་བྱེད་དགོས།

༨ འཛིན་གྲྭའི་གཡས་གཡོན་ལ་སྐད་ཅོར་མ་རྒྱག

༩ རྒན་ལགས་ཀྱིས་སློབ་ཁྲིད་གནང་སྐབས་མ་ཤེས་པ་བྱུང་ན་བཀའ་འདྲི་ཞུ་དགོས

༡༠ དགེ་རྒན་གྱིས་ནང་སྦྱོང་གནང་བ་དེ་ཚོ་དུས་ཐོག་སྦྱོང་དགོས།

6 comments:

  1. Without inner peace, no matter how comfortable your life is materially, you may still be worried, disturbed, or unhappy because of circumstances. by Kudon

    ReplyDelete
  2. ཟླ་བ་སྒྲོལ་མJanuary 31, 2011 at 8:57 PM

    ༣༥ ཐོན་མི་སམ་བྷོ་ཊ་ཟེར་བའི་དོན་དག་ག་རེ་རེད་ ཐོན་མུ་སམ་བྷོ་ཊ
    ༣༤ ང་ཚོའི་བོད་པའི་དཔེ་ཆོས་ནང་དུ་ཐོག་མར་རྒྱ་གར་གྱི་སང་ཊི་ཏའི་སྐད་བཞག་དགོས་པའི་རྒྱ་མཚན་ག་རེ་རེད་ ཁུངས་གཏུགས་པ
    ༣༣ བོད་ཡིག་དཔེར་གང་ལ་བཞག་ནས་བཟོ་གནང་པ་རེད་ སང་ཊི་ཏ་
    ༣༢ རྒྱལ་པོ་སུའི་སྐབས་སུ་བོད་ཡིག་བཟོས་པ་རེད་ སྲོང་བཙན་སྒམ་པོ་
    ༣༡ བོད་ཡིག་གསར་དུ་བཟོས་ནས་ད་ལྟ་བར་མི་ལོ་ག་ཚོད་ཕྱིན་པ་རེད་ ༡༣༠༠
    ༣༠ བོད་ཡིག་གསར་དུ་བཟོ་མཁན་སུ་རེད་ ཐོན་མུ་སམ་བྷོ་ཊ
    ༢༩ རྣམ་དབྱེ་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་དཔེར་བརྗོད་འབྲི་རོགས་གནང་ ༡དེབ་ ༢ནང་དུ་འགྲོ་ ༣བློ་བཟང་གིས་བཤད་
    ༢༨ དུག་ལོག་གམ་གྱོན་ཆས་༥་ཡི་མིང་འབྲི་རོགས་གནང་ པྱུ་བ། ཞ་མོ་། གུ་ཏུང། རྐང་བསུ།
    ༢༧ སྔོ་ཚལ་༥་ཡི་མིང་འབྲི་རོགས་གནང་ ཞོ་གོ། ལ་ཕུག། སྔོ་ཚལ། ཉང་མ། ཙོང།
    I didn't finish all of them

    ReplyDelete
  3. Thank so much Dadon.
    I like your effort. Please keep type Boyuk.

    ReplyDelete
  4. འཆི་མེད་རིག་འཛིན་ཞོལ་བླ་February 3, 2011 at 6:27 PM

    ལྗོན་ཤིང་

    ངའི་མིང་ལ་ལྗོན་ཤིང་ཇོར་གྱི་ཡོད་ ཁྱེད་རང་གི་ལག་པ་ནང་བཞིན་ ང་ལ་ཡང་ཡལ་ག་མང་པོ་ཡོད་ ཁྱེད་རང་གི་ལག་པར་མཛུབ་མོ་ཡོད་པ་ནང་བཞིན་ ངའི་ཡལ་གར་ཡང་ལོ་མ་མང་པོ་ཡོད་ ཁྱེད་རང་གིས་ཁས་ཆུ་འཐུང་བ་ནང་བཞིན་ ངས་རྐང་པས་ཆུ་འཐུང་གི་ཡོད་ ཨ་ཙི་རྐང་པས་ཆུ་གང་འདྲ་བྱས་ནས་འཐུང་གི་ཡོད་པ་རེད་ ཙ་བ་དེ་ཚོ་ངའི་རྐང་པ་རེད་ ཙ་བ་དེ་ཚོས་ཆུ་གྱེན་ལ་འཐེན་གྱི་རེད་ དེ་འདྲ་ཡིན་ཙང་ ངའི་མིང་ལ་རྐང་འཐུང་ཡང་ཟེར་གྱི་ཡོད་།།

    ReplyDelete
  5. 新年快乐
    happy new year.

    ལོ་གསར་ལ་༹ཀཪ་༷ཨིས་༹དེ་ལེགས་

    ReplyDelete
  6. རྒེན་ལ་ངའི་པ་ལགས་ལ་གར་ཕར་ཏང་རོ་ནང་
    རྒེན་ལ་མཐུག་ཇེས་ཆེས་
    བསྡེན་འཇིན་ཀུན་བཟང་

    ReplyDelete