Monday, November 28, 2011

ཡིག་ཚད་ Test

ནང་པའི་ཆོས་ཐོག་མར་གསུང་པ་པོ་ནི་          སངས་རྒྱས་                   ཡིན།


བོད་ཀྱི་རྒྱལ་པོ་དང་པོ་ནི་        གཉའ་ཁྲི་བཙན་པོ་                                                     ཡིན།


བོད་མི་དང་པོ་བྱུང་ས་ནི་        ཡར་ཀླུང་                               རེད།


ལྷ་ས་ནི་མི་ལོ་        ༡༣༠༠              ལྷག་གི་ལོ་རྒྱུས་ཡོད།


དཀོན་མཆོག་གསུམ་ནི་   སངས་རྒྱས།   ཆོས། དགེ་འདུན།


                                                                  བཅས་གསུམ་རེད།

ལྷ་མོ་དོན་འགྲུབ་ནི་      རྒྱལ་བ་བསྟན་འཛིན་རྒྱ་མཚོའི་མཚན་                       རེད།


བོད་མི་གདོང་དྲུག་ནི་          སེ། རྨུ། སྡོང་། སྟོང་། དབྲ། བྲུ།                                   
  དག་ཡིན།


བོད་ཀྱི་མཁར་ཐོག་མ་ནི་    ཡུམ་བུ་བླ་སྒང་                                  ཡིན།


༩ སངས་རྒྱས་སྐུ་མྱ་ངན་ལས་འདས་ས་ནི་       རྩ་མཆོག་གྲོང་                   ཡིན་ལ་ཁོང་རིག་དགུང་ལོ་     ༣༥          སྟེང་སངས་རྒྱས་པ་རེད།                


༡༠ བོད་རིགས་ནི་ཕ་ སྤྲེའུ་བྱང་ཆུབ་སེམས་དཔའ་  དང་མ་ བྲག་སྲིན་མོ་                       གཉིས་ལས་བྱུང་།


༡༡ སྡེ་སྣོད་གསུམ་ནི་ འདུལ་བའི་སྡེ་སྣོད། མངོན་པའི་སྡེ་སྣོད། མདོ་སྡེའི་སྡེ་སྣོད།   
                                       དག་ཡིན།


༡༢ ལྷ་ཆོས་དགེ་བ་བཅུ་ལས་


ལུས་ཀྱི་གསུམ་ནི་ སྲོག་གཅོད་པ། མ་བྱིན་ལེན་པ། མི་ཚངས་སྤྱོད་པ།



ངག་གི་བཞི་ནི་  རྫུན། ཕྲ་མ། ཚིག་རྩུབ། ངག་བཀྱལ།



ཡིད་ཀྱི་གསུམ་ནི་  བརྣབ་སེམས། གནོད་སེམས། ལོག་ལྟ།             བཅས་ཡིན།



༡༣ བོད་ཀྱི་རིག་གནས་ཆེ་བ་ལྔ་ནི་

        བཟོ་རིག་པ། གསོ་བ་རིག་པ། སྒྲ་རིག་པ། ཚད་མ་རིག་པ། ནང་དོན་རིག་པ།

                                                                           ཡིན།

༡༤ བོད་ཀྱི་རིག་གནས་ཆུང་བ་ལྔ་ནི་

      སྙན་ངག  མངོན་བརྗོད། སྡེབ་སྦྱོར། ཟློས་གར། སྐར་རྩིས།


                                                          ཡིན།



༡༥ སེམས་ཅན་༥ ཡི་མིང་འབྲི་རོགས་གནང་།


 དོམ།  ཕག་པ།  གཡག  འབྲོང་།  རྟ། ལུག  དྲེལ། ར་མ། ཤ་བ། གླང་། གླང་ཆེན། རྔ་མོང་། བྱི་ལ། བྱ་དེ། ཕུག་རོན།

ལུ་གུ། མཛོ་མོ། སེང་གེ། སྟག རི་བོང་། གྲོག་མ། གཟིག མཚོ་ཕག ཞི་མི། ཁྱི། ཆུ་སྲིན།




 ༡༦ ཤིང་ཏོག་༥ཡི་མིང་འབྲི་རོགས་གནང་།

  ཀུ་ཤུ  ངང་ལག   ཨམ  རྒུན་འབྲུམ།  འབྲི་སེའུ། ཁམ་བུ། ཚ་ལུ་མ།  ཆུ་ཀུ་བ། ཆང་བ་ལི། སིལ་སྐམ།





༡༧ སྔོ་ཚལ་༥ ཡི་མིང་འབྲི་རོགས་གནང་།


ལབ་སེར། ཙོང་། སྒོག་པ། ཞོག་ཁོག  མེ་ཏོག་པད་ཚལ། པད་ཚལ། ལ་ཕུག སྲན་མ། མ་རྨོས་ལོ་ཏོག ཀེའུ། བསོད་ནམས་དཔལ་འཛོམས། པད་ལོག  མེ་ཚལ་ལྗང་ཁུ།





༡༨ དུག་ལོག་གམ་གྱོན་ཆས་༥་ཡི་མིང་འབྲི་རོགས་གནང་།


ཞྭ་མོ། རྐང་སོབ། ལག་ཤུབས། དོར་ཐུང་། སྐེ་དཀྲིས། སྐ་རགས། ཆུ་ལྷམ། ཀོ་ལྷམ། བསིལ་ལྷམ། ལྷམ་མགོ། འོག་འཇུག།



༡༩ བོད་ཡིག་གསར་དུ་བཟོ་མཁན་སུ་    ཐོན་མུ་སམ་བྷོ་ཊ་                རེད།




༣༠  གཤམ་གསལ་གྱི་ཚིག་འདི་རྣམས་ལ་ཚིག་གྲོགས་བཙལ་དགོས།

    བདེ་  བདེ་སྐྱིད། བདེ་ལེགས    སྐུ་ སྐུ་དྲག ལྷ་སྐུ             ནུས་ ནུས་ཤུགས། ནུས་པ།


    རིག་  རིག་གཞུང་། རིག་གནས།   རིན་ རིན་ཆེན། རིན་ཐང་།    སློབ་  སློབ་གྲྭ། སློབ་ཕྲུག


     རྒྱལ་ རྒྱལ་པོ། རྒྱལ་ཁབ།      ཤིང་ ཤིང་ཏོག  ཤིང་སྟོང་།      བླ་ བླ་མ། བླ་བྲང་།  






 ༣༡  འཕགས་པ་ཐོགས་མེད་དང་མགོན་པོ་ཀླུ་སྒྲུབ་གཉིས་ལ་ག་རེ་ཞུ་བ་རེད་དམ།

      ཤིང་རྟའི་སྲོལ་འབྱེད་ཞུ་བ་རེད།





 ༣༢    མགོན་པོ་ཀླུ་སྒྲུབ་ཀྱིས་ཆོས་སྒྲ་ཆེན་པོ་ལན་ག་ཚོད་བསྒྲགས་སམ།

                        ཆོས་སྒྲ་ཆེན་པོ་ལན་གསུམ་བསྒྲགས།




༣༣   གཡོན་གྱི་ལྡོག་ཟླ་གཡས་ནས་བཙལ་ཏེ་བྲིས།



     དལ་པོ་                               སྡུག་པ          
                 
    གནམ་                                 ས་
     གྲང་མོ                                ཤོར་བ་
    བརྩོན་འགྲུས་                         མགྱོགས་པོ་
    དགའ་བ་                               ཚ་བོ་
    ཐོབ་པ                                   ལེ་ལོ

   
༣༤  རྣམ་དབྱེ་དང་པོའི་དཔེར་བརྗོད་༤ བྲིས།

        སློབ་ཕྲུག། ཕ་མ། དགེ་རྒན། ཁང་པ། རླངས་འཁོར། གློག་བརྙན། ཁ་པར། ཤིང་སྟོང་། གླང་ཆེན།



༣༥ རྣམ་དབྱེ་གཉིས་པའི་དཔེར་བརྗོད་༤ བྲིས།

   ཤར་ཕྱོགས་སུ་འགྲོ།  རྒྱབ་ཏུ་གཡུགས། འཛིན་ཁང་ནང་དུ་སོང་། བོད་ཁང་དུ་འགྲོ བོད་ཡུལ་ལ་སོང་། པོ་ཏ་ལ་རུ་མཇལ་ཁ་སོང་།




༣༦ རྣམ་དབྱེ་དང་པོ་དང་གཉིས་པ་གང་ཡིན་ངོས་འཛིན་བྱོས།
          དང་པོ་ལ་1 དང་གཉིས་པ་ལ་2་དང་གང་ཡང་མ་ཡིན་པ་ལ་3འབྲི་རོགས་གནང་།



   བུ་མོ་ཡག་པོ།               པོ་ཏ་ལ།          བསྟན་འཛིན་ཀུན་དགའ།

  སློབ་མའི་དེབ།               ཕ་མའི་བཀའ།             ལྦ་ཞིན་ཏོན།

  གཡག་གི་ཤུགས།             བོད་ཡིག་གི་སློབ་གྲྭ        ལག་འཁྱེར་ཁ་པར།

 བརྙན་འཕྲིན།                   གློག་བརྙན་གྱི་གཟིགས།         ངང་ལག




༣༧ བོད་སྤྱི་ལ་དབང་པའི་རྒྱལ་བོ་སུ་རེད།

 སྲོང་བཙན་སྒམ་པོ་རེད།



༣༨ བོད་དུ་རྒྱལ་རབས་ག་ཚོད་བྱུང་བ་རེད།


  རྒྱལ་རབས་༣༢་བྱུང་པ་རེད།




༣༩ རྒྱལ་བོ་སུའི་རིང་བོད་ཡིག་གསར་དུ་བཟོས་པ་དང་བཟོ་མཁན་སུ་རེད།

             བོད་རྒྱལ་སྲོང་བཙན་སྒམ་པོའི་རིང་སློབ་དཔོན་ཐོན་མུ་སམ་བྷོ་ཊས་བོད་ཡིག་གསར་ཏུ་བཟོས་གནང་པ་རེད།








༤༠  གཤམ་གྱི་ཚིག་རྣམས་དབྱིན་ཡིག་ཏུ་བསྒྱུར་རོགས་གནང་།

  སངས་རྒྱས་ Buddha              ཆོས་ Dharma          དགེ་འདུན་ Sanka


 དད་པ་ Faith, Devotion        དགེ་བ་ Merite, Virtue     སྡིག་པ་Sin, novirtue


 གཡག་ Yak                    སློབ་གྲྭ School             འབྲི་དེབ་ Notebook


 ཉིན་གུང་ Noon              བརྩི་བཀུར་  Respect              སློབ་ཚན་ Subject





༤༡ གཤམ་གྱི་ཚིག་རྣམས་བོད་ཡིག་ཏུ་བསྒྱུར་རོགས་གནང་།
   Cell Phone  ལག་འཁྱེར་ཁ་པར             Television བརྙན་འཕྲིན།

     House  ཁང་པ                           Motorcycle སྦག་སྦག    འཁྲིད་རྟ།

     Camera  པར་ཆས                      Printer ཡིག་དཔར

     Fruit Juice    སིལ་ཁུ                        Shoes ལྷམ

     School      སློབ་གྲྭ                            Teacher དགེ་རྒན
༤༢     སོ་སོའི་ཕ་མ་དང་ཡང་ན། གྲོགས་པོའམ་གྲོགས་མོ། དགེ་རྒན། སྤུན་གྲོགས་གང་རུང་ཞིག་ལ་གཏོང་ཡིག་ཞིག་འབྲི་རོགས་གནང་། ཚིག་གྲུབ་༢༠ ལས་མང་བ།


༄༄།། བརྩེ་བའི་བཀའ་དྲིན་ཅན་གྱི་ཕ་མ་གཉིས་ཀྱི་དྲུང་དུ།


           ཉེ་ལམ་བདེ་ལགས་སམ། ང་ཡང་སྔར་བཞིན་བདེ་ཐོག་སློབ་སྦྱོང་ལ་འབད་བརྩོན་བྱ་བཞིན་ཡོད།

མི་འགྱངས་བར་དགུན་ཁའི་གུང་གསེང་གཏོང་བཞིན་ཡིན་པས་སྐབས་དེར་ང་ཚོ་ལྷན་རྒྱས་འཛོམས་པའི་རེ་བ་ཡོད།

མཐར་ཁྱེད་ཅག་གི་སྐུ་ལུས་བདེ་ཞིང་བྱ་བ་ཐམས་ཅད་ལམ་འགྲོ་ཡོང་བའི་སྨོན་འདུན་དང་བཅས།

བུ་མོ་་་་བུ་་་་་བཀྲ་ཤིས་ཀྱིས་     ཟླ་  ༡༢      ཚེས་ ༠༡   ཉིན་ཕུལ།












༤༣ གཤམ་གྱི་སློབ་ཚན་ཀློག་རྗེས་དྲི་བ་དག་ལ་དྲིས་ལན་བྱ་རོགས་གནང་།

      སྟོན་པ་སངས་རྒྱས་ཤྰཀྱ་ཐུབ་པ་ནི། ནང་པའི་ཆོས་ཀྱི་འབྱུང་ཁུངས་སམ། ནང་པའི་ཆོས་ཐོག་མར་གསུང་པ་པོ་ཡིན། ལུམྦི་ནིའི་ཚལ་དུ་སྐུ་འཁྲུངས།  ཡབ་རྒྱལ་པོ་ཟས་གཙང་མ་དང་། ཡུམ་སྒྱུ་མ་ལྷ་མཛེས་ཡིན།  དགུང་གྲངས་༢༩ བར་ཕོ་བྲང་དུ་བཞུགས་ནས་རྒྱལ་སྲིད་ཀྱི་དཔལ་ཡོན་ལ་ལོངས་སུ་སྤྱད། འོན་ཀྱང་དེ་ལ་ཆགས་ཞེན་མ་གནང་བར་སྙིང་པོ་མེད་པར་གཟིགས་ནས་མཆོད་རྟེན་རྣམ་དག་དྲུང་དུ་རབ་ཏུ་བྱུང་། ནེེརཉྫནར་ལོ་དྲུག་རིང་སྙིང་རུས་ཆེན་པོས་དཀའ་སྤྱད་མཛད། དགུང་གྲངས་༣༥ལ་རྡོ་རྗེ་གདན་དུ་བདུད་བཏུལ་ནས་སངས་རྒྱས་པའི་ཚུལ་བསྟན།

   གདུལ་བྱ་ཁྱད་པར་ཅན་གྱིས་གསོལ་བ་བཏབ་པ་བཞིན་ལྦ་ར་ཎྰ་སིར་ཆོས་འཁོར་དང་པོར་བསྐོར། དགུང་གྲངས་༤༡ལོར་ལྷ་ཡུལ་དུ་ལྷ་རྣམས་ལ་ཆོས་གསུངས་ནས་སླར་མི་ཡུལ་དུ་ཕེབས། དགུང་གྲངས་༥༧ ལོར་མཉན་ཡོད་དུ་ཆོ་འཕྲུལ་བསྟན་ནས་ཕྱི་རོལ་མུ་སྟེགས་པ་རྣམས་ཕམ་པར་མཛད། བྱ་རྒོད་ཕུང་པོའི་རིར་ཆོས་འཁོར་གཉིས་པ་བསྐོར། ཡངས་པ་ཅན་དུ་ཆོས་འཁོར་གསུམ་པ་བསྐོར། དགུང་གྲངས་༨༡ལོར་རྩྭ་མཆོག་གྲོང་དུ་སྐུ་མྱ་ངན་ལས་འདས་ཚུལ་བསྟན་པ་རེད།

1 ནང་པའི་ཆོས་ཀྱི་འབྱུང་ཁུངས་སམ་ཆོས་ཐོག་མར་གསུང་པ་པོ་སུ་རེད།




 2 སངས་རྒྱས་ཤྰཀྱ་ཐུབ་པ་འཁྲུངས་ས་གང་རེད།




3  སངས་རྒྱས་ཤྰཀྱ་ཐུབ་པ་སངས་རྒྱས་ས་གང་རེད།




 4   སངས་རྒྱས་ཤྰཀྱ་ཐུབ་པ་དགུང་གྲངས་ག་ཚོད་ལ་སངས་རྒྱས་པ་རེད།




5 སངས་རྒྱས་ཤྰཀྱ་ཐུབ་པ་སྐུ་མྱ་ངན་ལས་འདས་ས་གང་རེད།




6 སངས་རྒྱས་ཤྰཀྱ་ཐུབ་པས་ཆོས་འཁོར་དང་པོ་གང་ནས་བསྐོར་བ་རེད།




7 སངས་རྒྱས་ཤྰཀྱ་ཐུབ་པའི་ཡབ་དང་ཡུམ་གཉིས་ཀྱི་མཚན་ལ་ག་རེ་རེད།




8 སངས་རྒྱས་ཤྰཀྱ་ཐུབ་པ་དགོང་ལོ་ག་དུས་ལ་སྐུ་མྱ་ངན་ལས་འདས་པ་རེད།



9  སངས་རྒྱས་ཤྰཀྱ་ཐུབ་པས་ཆོས་འཁོར་ལན་ག་དུས་བསྐོར་པ་རེད།



10 སངས་རྒྱས་ཤྰཀྱ་ཐུབ་པས་ཡུལ་ནེེརཉྫནར་ལོ་ག་ཚོད་ལ་སྙིང་རུས་ཆེན་པོས་
       དཀའ་བ་མཛད་པ་རེད།





11 comments:

  1. Please let me know if you have any Q//

    ReplyDelete
  2. Thanks for your Q. I will do my best.

    ReplyDelete
  3. hey gyenla its donla thnx for posting this!!!!!!!
    srry for answering so late i forgot

    ReplyDelete
  4. ummmm gyenla some of these questions are from chapters we havent read yet so im kinda confused

    ReplyDelete
  5. There are lots of questions but all of them are related to our histories. I just love it. Thanks IoYak.

    ReplyDelete
  6. hey gyenla it's donla again im writing the answers down was this the only homework??? was there anything else?
    -Donla

    ReplyDelete
  7. Tashi Delek Donla,

    Noop, this is homework for this week. Good luck.

    ReplyDelete
  8. to fill in the rest of the other questions all of them lik the ones after 15?

    ReplyDelete
  9. hey gyenla can you tell me if the engi to tibetan and the tibetan to engi thing is on the test??? plzzz

    ReplyDelete