Tuesday, April 10, 2012

ཤེས་རིག


ཤེས་པ་དང་བློ་དང་རིག་པ་གསུམ་དོན་གཅིག།

ཤེས་པ་ལ་དབྱེ་ན་ཚད་མ་དང་ཚད་མིན་གཉིས།

གསར་དུ་མི་སླུ་པའི་རིག་པ་  ཚད་མའི་མཚན་ཉིད།

ཚད་མ་ལ་དབྱེ་ན་གཉིས།   མངོན་སུམ་ཚད་མ་དང་། རྗེས་དཔག་གི་ཚད་མ་གཉིས།

རྟག་པ་དང་བྲལ་ཞིང་གསལ་དུ་མི་སློབ་པའི་རིག་པ་དེ་མངོན་སུམ་ཚད་མའི་རིག་པ།     དེ་ལ་དབྱེ་ན་གསུམ།

དབང་པོ་མངོན་སུམ་ཚད་མ་དང། རྣམ་འབྱོལ་མངོན་སུམ་ཚད་མ།

རང་རིག་མངོན་སུམ་ཚད་མ་དང་གསུམ་ཡོད།

རྗེས་དཔག་ཚད་མའི་མཚན་ཉིད།  གསར་དུ་མི་སློབ་པའི་རིག་པ་གང་ཞིག་  སྒྲ་དོན་འབྲེལ་རུང་དུ་འཛིན་པའི་ཞེན་རིག

ཚད་མེད་ལ་དབྱེ་ན་བཅད་ཤེས་དང་སྣང་ལ་མ་ངེས་པ་སོགས་མང་ངོ་།

རྟོགས་ཟིན་རྟོགས་པའི་རིག་པ་དེ་བཅད་ཤེས་ཀྱི་མཚན་ཉིད། མཚན་གཞི་ནི། ཡིད་རྟོགས་པའི་སྔོན་འཛིན་མིག་ཤེས་སྐར་ཅིག་གཉིས་པ་ལྟ་བུའོ།

ཡང་ཤེས་པ་ལ་དབྱེ་ན། སེམས་དང་སེམས་བྱུང་གཉིས།

སེམས་ལ་དབྱེ་ན་དྲུག

མིག་གི་རྣམ་པར་ཤེས་པ་དང་། རྣ་བའི་རྣམ་པར་ཤེས་པ་དང་། སྣའི་རྣམ་པར་ཤེས་པ་དང་། ལྕེའི་རྣམ་པར་ཤེས་པ་དང་། ལུས་ཀྱི་རྣམ་པར་ཤེས་པ་དང་། ཡིད་ཀྱི་རྣམ་པར་ཤེས་པ་དྲུག་ཡོད།

སེམས་བྱུང་ལ་དབྱེ་ལྔ་བཅུ་ལྔ་གཅིག་ཡོད་དེ།

ཀུན་འགྲོ་ལྔ། ཡིད་ངེས་ལྔ། རྩ་ཉོན་དྲུག ཉེ་ཉོན་ཉི་ཤུ། དགེ་བ་བཅུ་གཅིག། གཞན་འགྱུར་བཞི།

ལྡན་མིན་འདུ་བྱེད་ལ་དབྱེ་ན་གཉིས།

གང་ཟག་ཡིན་པར་གྱུར་པའི་ལྡན་མིན་འདུ་བྱེད་དང་། གང་ཟག་མ་ཡིན་པར་གྱུར་པའི་ལྡན་མིན་འདུ་བྱེད་གཉིས་ཡོད། མཚན་གཞི་རིམ་པ་བཞིན།

འགྲོ་བ་རིགས་དྲུག་དང་པོ།  གཟུགས་མི་རྟག་དང་ཤེས་པ་མི་རྟག་པ་གཉིས་པ།

གཉིས་པ་འདི་ལ་གཟུགས་མི་རྟག་པ་ཤེས་པ་མི་རྟག་པ་ཞེས་རང་ལྡོག་ནས་འཇོག་པ་མ་གཏོགས་གཟུགས་མི་རྟག་ཡིན་ན་སྲོག་དང་མི་ལྡན་པའི་ལྡན་མིན་འདུ་བྱེད་ཡིན་པའི་ངེས་པ་མེད།

ཡང་ཤེས་བྱ་ལ་དབྱེ་ན་བདེན་པ་གཉིས།

ཀུན་རྫོབ་བདེན་པ་དང་དོན་དམ་བདེན་པ་གཉིས།

རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་མཚན་མའི་གཉིས་སྣང་དང་བཅས་པའི་ཚུལ་གྱི་རྟོགས་པར་བྱ་བ་དེ་ཀུན་རྫོབ་བདེན་པའི་མཚན་ཉིད། མཚན་གཞི།

དོན་དམ་བདེན་པ་མ་ཡིན་པའི་ཡོད་པ་ཐམས་ཅད་ཀུན་རྫོབ་བདེན་པ་ཡིན།

རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་མཚན་མའི་གཉིས་སྣང་ནུབ་པའི་ཚུལ་གྱི་རྟོགས་པར་བྱ་བ་དེ་དོན་ལྡན་བདེན་པའི་མཚན་ཉིད།  མཚན་གཞི།

ཀུན་རྫོབ་བདེན་པ་མ་ཡིན་པའི་ཡོད་པ་ཐམས་ཅད་དོན་དམ་བདེན་པ་ཡིན།

ཡང་དོན་ལྡན་བདེན་པ་ལ་དབྱེ་ན།

སྟོང་ཉིད་བཅུ་དྲུག་ཡོད།

ཕྱི་སྟོང་པ་ཉིད། ནང་སྟོང་པ་ཉིད། ཕྱི་ནང་སྟོང་པ་ཉིད།

སྟོང་པ་ཉིད་སྟོང་པ་ཉིད། དོན་དམ་པ་སྟོང་པ་ཉིད།

ཆེན་པོ་སྟོང་པ་ཉིད། འདུས་བྱས་སྟོང་པ་ཉིད།

འདུས་མ་བྱས་སྟོང་པ་ཉིད། མཐའ་ལས་འདས་པ་སྟོང་པ་ཉིད། ཐོག་མ་དང་མཐའ་མ་མེད་པའི་སྟོང་པ་ཉིད།

དོར་བ་མེད་པ་སྟོང་པ་ཉིད། རང་གཞན་སྟོང་པ་ཉིད།

རང་གི་མཚན་ཉིེད་སྟོང་པ་ཉིད། དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད།

བཅོ་བརྒྱད་བགྲང་ན།

དངོས་པོ་མེད་པ་སྟོང་པ་ཉིད། ངོ་བོ་ཉིད་སྟོང་པ་ཉིད།
དངོས་པོ་མེད་པའི་ངོ་བོ་ཉིད་སྟོང་པ་ཉིད་ཞེས་སྟོང་ཉིད་བཅུ་དྲུག་གི་མཐའ་མ་བཅུ་དྲུག་པ་ལ་གསུམ་དུ་བྱེད་ནས་བགྲང་ན་བཅོ་བརྒྱད་ཡིན་པ་ཤེས་པར་བྱའོ།

No comments:

Post a Comment