Thursday, October 4, 2012

རང་གི་སྐད་ཡིག

བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་འདི་ནི་བོད་མི་རིགས་ཀྱི་བླ་སྲོག་ལྟ་བུ་ཡིན་པས་བོད་རིགས་པ་ཞིག་གམ་ཡང་ན་བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་རིག་གཞུང་ལ་དོ་སྣང་ཅན་ཞིག་ཡིན་ན་བོད་ཀྱི་སྐད་ཡིག་དེ་ཐོག་མར་ཤེས་དགོས་པ་ནི་དཔྱིད་དུས་ཀྱི་ས་བོན་བཞིན་ཐོག་མར་ཞིང་ཁར་འདེབས་དགོས་པ་ཤེས་པར་ཀྱིས། དེ་བས་ཀྱང་བོད་ཀྱི་ནང་ཆོས་ལ་དོ་སྣང་ཅན་ཞིག་གམ་སྦྱངས་འདོད་ཡོད་མཁན་ཞིག་ཡིན་ན་བོད་ཀྱི་ནང་བསྟན་གཏིང་ཟབ་པོ་ཞིག་ཤེས་བ་ལ་བོད་ཡིག་མ་ཤེས་ན་ནམ་མཁའི་འཇའ་བཞིན་སྣང་ཡུལ་དུ་མཛེས་ཀྱང་དེ་ནི་ཆར་དུས་ཀྱི་མི་མཐོང་ནམ་མཁའི་དབྱིངས་སུ་ཐིམས་ཆོག་ཆོག་ཡིན་པ་བློ་ལ་འཛིན་པར་གྱིས།
རྒྱུ་མཚན་དེ་ལྟར་འདིར་ཡོད་ཀྱི་དོར་གཉེན་མཁན་ཅན་སུ་ཞིག་ཡིན་ནའང་དྲ་རྒྱ་འདིའི་ཐོག་ནས་བོད་ཡིག་གང་མཚམས་ཞིག་སྦྱངས་ཐུབ་པའི་རེ་བ་དང་བཅས་དགེའོ།

No comments:

Post a Comment